ཧུའུ་ཁྲང་ཧྲེང་གིས་ཏོན་ཤང་ཏུང་བཅས་པ་དང་མཇལ་འཛོམས་གནང་བ།
ཀུང་ཧུའེ་ཚའེ་མཇལ་འཛོམས་ལ་ཞུགས་པ།

ཟླ་10ཚེས་13ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཀྲུང་གོ་ཧ་ཡང་ལས་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཏོན་ཤང་ཏུང་བཅས་པ་དང་མཇལ་འཛོམས་གནང་བ།
ཟླ་10ཚེས་13ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཀྲུང་གོ་ཧ་ཡང་ལས་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཏོན་ཤང་ཏུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཏོན་ཤང་ཏུང་དང་བཅས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཧ་ཡང་ལས་རིགས་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཧུའུ་ཁྲང་ཧྲེང་གིས། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། ནུས་རྒྱུ་གཙང་མའི་རྟེན་གཞི་བཅས་གལ་ཆེན་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ས་གཙོ་བོ་ཡང་ཡིན་པ་དང་། ཀྲུང་གོ་ཧ་ཡང་ལས་རིགས་ཚོགས་པ་དེ་ཉིད་ཀྲུང་དབྱང་གིས་དོ་དམ་བྱེད་པའི་གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཧ་ཡང་ལས་རིགས་ཚོགས་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་སོགས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་། སྤུས་ལེགས་རྣམ་གྲངས་ལ་མ་འཇོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བ། རོགས་སྐྱོར་དང་ལེན་བྱེད་མཁན་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་གནས་དང་ཁེ་ལས་ཀྱི་མཉམ་ལས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། བོད་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་ཡག་པོ་བྱས་ཏེ། ཁེ་ལས་ཀྱིས་བོད་དུ་མ་འཇོག་ལས་དར་བྱེད་པར་ཆ་རྐྱེན་ཡག་པོ་སྐྲུན་གྱི་ཡིན་ཞེས་གསུངས་པ་རེད།
ཏོན་ཤང་ཏུང་གིས། ཀྲུང་གོ་ཧ་ཡང་ལས་རིགས་ཚོགས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། བོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་འཆར་འགོད་ལ་གཞིགས་པ། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་ཝེ་ཤིའུ་ཁྲང་དང་། ཀྲུང་གོ་ཧ་ཡང་ལས་རིགས་ཚོགས་པའི་འགོ་ཁྲིད་ཝང་ཧྲི་ལེ་བཅས་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།