ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
ཚེས་12ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་། གསུང་བཤད་གལ་ཆེན། འཕྲིན་ལན་གལ་ཆེན། གསུང་རྩོམ་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཏིང་ཡེ་ཤན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་བཅད་པ་དང་གཏན་འབེབས་གཞིར་བཟུང་ཁོ་པའི་ལོངས་སྤྱོད་ཀྱི་ཐོབ་ཐང་མེད་པར་བཟོ་བའི་གཏན་འབེབས་བརྡ་ཁྱབ་བཏང་བ་རེད། ཚོགས་ཞུགས་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སེམས་པ་མེས་རྒྱལ་ལ་ཕྱོགས་པ་དང་འབད་འབུངས་ཡར་བརྩོན་མཐའ་འཁྱོངས་བྱེད་དགོས། གདེང་ཚོད་བརྟན་གཏོང་དང་། དམིགས་ཚད་གཏན་འཁེལ། འགན་འཁྲི་ནན་འཁུར། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས། དམངས་འཚོ་གཙོ་བོར་འཛིན་པ་དང་མང་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། མང་ཚོགས་ཀྱི་སློབ་གསོ་དང་། སྨན་བཅོས། ལས་ཞུགས། ཡོང་འབབ། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་འཕྲལ་མཁོ་དང་།དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། བརྟན་ལྷིང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། གཞི་རིམ་བཅོས་སྐྱོང་དང་། འགལ་ཟླ་སེལ་བ། སྤྱི་པའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས“འཇུག་སྒོ་ཆུང་བ”དང“ཆུང་ལ་མྱུར་བའི”ཁྲིམས་འཛུགས་གནད་སྨིན་ལ་སྐུལ་འདེད་གཏོང་བ་དང་། སྣ་མང་ལྟ་སྐུལ་བྱེད་ཐབས་ཕྱོགས་བསྡུས་སྤྱད་དེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ལ་རྗེས་སྙེག་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་མཐའ་འཁྱོངས་ཀྱིས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དག་ཐེར་གྱི་ལས་འགན་དོན་འཁྱོལ་བྱས་ནས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བའི་དག་ཐེར་གྱི་རྒྱུགས་ལན་ཞིག་ཐུན་མོང་ཐོག་འབུལ་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་དགོས། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། བསམ་བློའི་ཚད་བཀག་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཀུན་སྤྱོད་དང་སྤྱོད་ལམ་སྔར་བས་ལེགས་སུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ནས་སྤྱོད་གཙང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་གཙང་གི་སྲོལ་གསར་དར་སྤེལ་གཏོང་བ། སྤྱོད་གཙང་གི་རིག་གནས་དར་སྤེལ་གཏོང་བ། ཆབ་སྲིད་དང་། དཔལ་འབྱོར། མཚན་སྙན། ཁྱིམ་ཚང་། གཉེན་ཉེ། རང་དབང་། བདེ་ཐང་བཅས་ཀྱི་རྩིས་ཡག་པོ་རྒྱག་པ། རང་ཉིད་ལ་འགན་འཁུར་བ་དང་། ཁྱིམ་ཚང་ལ་འགན་འཁུར་བ། ཏང་དང་མི་དམངས་ལ་འགན་འཁུར་བ་བཅས་བྱས་ནས་སྤང་བླང་ཚུལ་གནས་ཀྱི་མི་དང་འདོད་བརྣག་རྒྱབ་སྐྱུར་གྱི་དཔོན་ཞིག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།