དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཧུའུ་ཁྲང་ཧྲེང་གིས་ཆིའུ་ཡུང་བཅས་པ་དང་མཇལ་འཛོམས་གནང་བ།

    ཀུང་ཧུའེ་ཚའེ་མཇལ་འཛོམས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-14

    འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཉེ་ཆར་ལྷ་སར་ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཆིའུ་ཡུང་བཅས་པ་དང་མཇལ་འཛོམས་གནང་བ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཆིའུ་ཡུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཆིའུ་ཡུང་དང་བཅས་པར་དགའ་བསུ་ཞུས་པ་དང་ཆིང་ཧྭ་སློབ་ཆེན་ལ་ཉེ་བའི་ལོ་ཤས་རིང་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་གནང་བ་དང་ཆིང་ཧྭ་སློབ་ཆེན་གྱིས་ད་བར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། མིག་སྔར་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཆིང་ཧྭ་སློབ་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་གྲོས་མཐུན་དོན་འཁྱོལ་ཞིབ་ཚགས་བྱེད་པར་སྐུལ་འདེད་བཏང་ནས་སློབ་གསོ་འཕེལ་རྒྱས་དང་། དང་བླངས་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང་། ཚན་རྩལ་གསར་གཏོད་སོགས་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་དེ་བས་མཐོ་བ་ཡོང་བར་སྐུལ་འདེད་གཏོང་ཆེད་ཤེས་ལྡན་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆིའུ་ཡུང་གིས། ཆིང་ཧྭ་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར། གྲངས་འཛིན་སློབ་གསོ་བེད་སྤྱོད། རིག་གནས་རྒྱུན་འཛིན་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། སློབ་ཁུལ་དབར་གྱི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཀུང་ཧུའེ་ཚའེ་དང་། ཞུས་ཀྲི་ཝུན། ཀྲའོ་ཕེང་བཅས་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།