རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ཞིང་འབྲོག་ལས་ཚན་རྩལ་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི”ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཚེས་23ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ཞིང་འབྲོག་ལས་ཚན་རྩལ་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི”ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རང་ལྗོངས་ཀྱི་ད་ལྟའི་དུས་མཚམས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་ཞིང་འབྲོག་ཁུལ་གྱི་དམངས་འཚོའི་བདེ་རྩ་ཆེ་རུ་རྒྱུན་མཐུད་གཏོང་བ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱུན་མཐུད་རྒྱག་པ་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་ཤེས་ལྡན་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་འཇོན་ཐང་ཆེ་རུ་གཏོང་རྒྱུར་དམིགས་ཏེ། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་ལ་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་ལས་ཀྱི་ཚན་ཞིབ་རྣམ་གྲངས་ལ་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུགས་ལ་དམིགས་ཏེ། ཞིང་འབྲོག་ལས་ཀྱི་ཚན་ཞིབ་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཉམས་ཞན་ལྷུ་ཚིགས་དམ་འཛིན་བྱ་གཞིར་བྱས་ཏེ་འགག་རྩའི་ལག་རྩལ་ལ་འགག་སྒྲོལ་བྱས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་སྐུལ་འདེད་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཞིང་འབྲོག་ཚན་རྩལ་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།