ཧུའུ་ཁྲང་ཧྲེང་གིས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་བློ་མཐུན་རྒན་གྲས་ལ་གཟིཌ་པ་དང་འཚམས་འདྲི་གནང་བ།
ཀུང་ཧུའེ་ཚའེ་ལྷན་དུ་ཕེབས་པ།
ཟླ་9ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་རྒན་གྲས་པ་སངས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཁོང་རྣམ་པ་དང་ཁོང་རྣམ་པ་བརྒྱུད་རང་སྐྱོང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ་མ་ཟད། ཚང་མས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
འཚམས་འདྲི་གནང་རིང་། ཧུའུ་ཁྲང་ཧྲེང་གིས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་པ་སངས་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཁོང་རྣམ་པའི་འཚོ་བ་དང་བདེ་ཐང་སྐོར་བཀའ་འདྲི་གནང་བ་མ་ཟད། ཁོང་རྣམ་པར་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས། མིག་སྔར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཡར་རྒྱས་དང་གྲུབ་འབྲས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་གཟིགས་ཕྱོགས་སྟོན་དང་ཕྱོགས་འཛིན་ལམ་འཁྲིད་གནང་བའི་འབྲས་བུ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་རྨང་གཞི་བརྟན་པོ་བཏིང་པ་ལས་བྱུང་བ་ཞིག་ཀྱང་ཡིན་པས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་བློ་གྲོས་དང་སྟོབས་ཤུགས་འདུས་ཡོད། ཁྱེད་རྣམ་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སེམས་ནུས་ཡོད་རྒུ་བཏོན་ནས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་ང་ཚོས་སློབ་སྦྱོང་བྱེད་འོས་པའི་མིག་དཔེ་རེད་ཅེས་གསུངས་པ་རེད།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་འཕྲེང་ཆེན་པོ་གནང་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཐེངས་གཉིས་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བསམ་བློའི་མཛུབ་ཁྲིད་དང་། བྱ་སྤྱོད་ཀྱི་ཕྱོགས་སྟོན། བསམ་པའི་སྟོབས་ཤུགས་ཆེན་པོ་བཅས་མཁོ་འདོན་གནང་ཡོད། ང་བོད་དུ་ལས་ཀར་ཡོང་སྐབས་འགན་འཁྲི་ལྕི་ལ་ལས་འགན་ཧ་ཅང་གཟི་བརྗིད་ལྡན་པའི་ཚོར་སྣང་ཟབ་མོ་བྱུང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཡག་པོ་བསྒྲུབས་ཏེ་སྙིང་རུས་ཆེན་པོས་བརྩོན་ལེན་དང་གསར་འབྱེད་ཡར་བརྩོན་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་ཏང་དང་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ཆབ་སྲིད་དང་། ཉམས་མྱོང་། དབང་གྲགས་བཅས་ཀྱི་དགེ་མཚན་མུ་མཐུད་བཏོན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཐད་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ནས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། ཁོང་གིས། རིམ་ཁག་སྡེ་ཚན་ཁག་ལ་སེམས་ནུས་ཡོད་རྒུ་བཏོན་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་སེམས་ཁུར། འཚོ་བའི་ཐད་ལྟ་རྟོག བསམ་པའི་ཐད་ཐུགས་ཁུར་བཅས་ཏན་ཏིག་བྱས་ནས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་འཚོ་བ་སྐྱིད་པོ་དང་ཚེ་མཇུག་སྤྲོ་པོ་ཡོང་ཆེད་མཐུན་རྐྱེན་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་པ་སངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་དགའ་ཚོར་ཆེན་པོ་གནང་ཞིང་། ཁོང་རྣམ་གཉིས་ཀྱིས། ད་ཐེངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱས་པ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་བོད་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རེ་བ་ནན་པོ་བཅོལ་བ་གང་ལེགས་མཚོན་ཡོད། ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་ཡི་ཡིན་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་བློ་མཐུན་ཧུའུ་ཁྲང་ཧྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྣེ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།