དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་བྱེད་པའི་ཚོགས་ཆེན་ཐོག་ནན་བཤད་གནང་དོན།

    ​འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དངོས་སྒྲུབ་ཐེག་པ་ཁུར་ལེན་དང་ལྟེ་བར་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-25

    ཟླ་9ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་བྱེད་པའི་ཚོགས་ཆེན་ལ་ཕེབས་ནས་ཀྲུང་དབྱང་རྩ་འཛུགས་པུའི་ཡིག་ཆ་སྒྲོག་སྦྱངས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ།

    ཟླ་9ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་བྱེད་པའི་ཚོགས་ཆེན་ལ་ཕེབས་ནས་ཀྲུང་དབྱང་རྩ་འཛུགས་པུའི་ཡིག་ཆ་སྒྲོག་སྦྱངས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ། འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དངོས་སྒྲུབ་ཐེག་པ་ཁུར་ལེན། ལྟེ་བར་དམིགས་ནས་རང་འགན་གཙང་སྒྲུབ་བཅས་བྱས་ཐོག རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ཏན་ཏིག་སྤྲོས་པ་དང་། བཟང་འདེམས་འཇོན་བསྐོ། རྨང་རྩ་གཉིས་བརྟན། ཤེས་ལྡན་པ་གསོ་སྐྱོང་དང་མཉམ་འདུས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའི་མོས་མཐུན་ཐོབ་པ་བརྒྱུད། བློ་མཐུན་ཞུས་ཀྲི་ཝུན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གི་འགན་བཞེས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ད་ཐེངས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ལེགས་སྒྲིག་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་གྱི་ཡོད།

    ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཁྲིད་སྟོན་དང་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་དངོས་འབྲེལ་ཐུབ་པ། དེང་རབས་ཅན་འཛུགས་སྐྲུན་གྱི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས། གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་བཅས་ལ་དེ་བས་ལེགས་པར་འགྱུར་བར་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་བྱེད་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞི”ཡི་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལས་བྱེད་པ་ལས་གནས་མང་པོར་སྦྱོང་བརྡར་སྤྲོས་པའི་གསོ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལེགས་ཁྲོད་ཧྲག་འདེམས་མཐའ་འཁྱོངས་བྱེད་པ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་འདེམས་སྤྱོད། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཚད་ལྡན་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འཐབ་ནུས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་རྩ་འཛུགས་ལས་དོན་དེ“དོན་ཆེན་བཞིར”སྐུལ་འདེད་གཏོང་བའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའམ་གསར་གཏོད་བྱེད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭར་ཞབས་འདེགས་ཞུ་བའམ་འགན་སྲུང་བྱེད་པ། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ངམ་སྟོབས་ཆེར་གཏོང་བ། དམངས་འཚོ་འགན་སྲུང་ངམ་ལེགས་སུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་དར་དམངས་ཕྱུག་སོགས་ཀྱི་ལས་དོན་ལ་དམིགས་པ། རྩ་འཛུགས་སྟོབས་ཆེན་འཛུགས་སྐྱོང་དང་། ཚན་ཁག་སྟོབས་ཆེར་གཏོང་བ། ལས་བྱེད་པ་ཡག་པོ་སྤྱོད་པ། ཤེས་ལྡན་པ་བཀོལ་སྤྱོད་ཡག་པོ་བཅས་བྱས་ནས་རྩ་འཛུགས་ཀྱི་ལས་དོན་དང་ལྟེ་བའི་ལས་དོན་གོམ་སྟབས་གཅིག་གྱུར་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། དོན་གཉེར་འགན་འཁུར་དང་རང་ཞུགས་དངོས་སྒྲུབ་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་བློ་ལ་བབས་པའི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་དམངས་ལ་བདེ་སྐྱིད་དངོས་འབྲེལ་སྐྲུན་ཐུབ་པ་བྱེད་དགོས། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་བཏོན་ཏེ། དཔྱད་ཞིབ་ཀྱི་ཚད་གཞི་ནན་པོ་སྲུང་བ་དང་། དཔྱད་ཞིབ་གནད་སྨིན་མཐའ་འཁྱོངས། དཔྱད་ཞིབ་གདེང་འཇོག་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། རིམ་ཁག་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་འབད་འབུངས་ཡར་བརྩོན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། གཞུང་དྲང་ཚུལ་མཐུན་དང་སྒྲིག་ཁྲིམས་ནན་སྲུང་མཐའ་འཁྱོངས་ཀྱིས“ཆབ་སྲིད་ལ་སྣང་ཆེན་དང་། གཞུང་དྲང་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ཡག་པ”བཅས་ཀྱི་བླང་བྱ་རྩ་འཛུགས་ཁོངས་གཏོགས་རང་ངོས་འཛུགས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་དང་། ཏང་གི་རྩ་དོན་ཨང་དང་པོར་འཇོག་པ་དང་། ཏང་གི་བྱ་གཞག་ཨང་དང་པོར་འཇོག་པ། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་བཅས་མཐའ་འཁྱོངས། དཔེ་བཟང་སྡེ་ཚན་དང་ཉམས་སད་ཐེག་པའི་དཔུང་ཁག་རྒྱུན་མཐུད་འཛུགས་སྐྱོང་ཟབ་ཏུ་གཏོང་བ། འགན་སྒྲུབ་འཇོན་ཐང་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་བཞིན་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས། རྩ་བའི་དགོངས་གཞི་ནན་པོ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་བྱེད་པ་གཞན་དག་ལ་སྒྲུབ་དགོས་པའི་བླང་བྱ་བཏོན་རིགས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྔོན་ལ་སྒྲུབ་དགོས་པ་དང་། ལས་བྱེད་པ་གཞན་དག་ལ་བྱེད་མི་ཆོག་པའི་བླང་བྱ་བཏོན་རིགས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྔོན་ལ་མི་བྱེད་པ། རྩ་འཛུགས་ཀྱི་གཟུགས་བརྙན་སྲུང་སྐྱོང་བྱེད་པ་དེ་རང་ཉིད་ཀྱི་གཟུགས་བརྙན་སྲུང་སྐྱོང་བྱེད་པ་ལས་གལ་ཆེ་བར་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རང་ཚུགས་ཟིན་པ་དང་། འཇོན་ཐང་ཆེ་བ། ཀུན་སྤྱོད་གཙང་བ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།