དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཀྲི་ཝུན་གྱིས་མངའ་རིས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-22

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་མངའ་རིས་ས་ཁུལ་གྱི་སྒར་རྫོང་དང་། རྩྭ་མདའ་རྫོང་། སྤུ་ཧྲེང་རྫོང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གཞི་རིམ་གྱི་རིག་གནས་དམངས་ཕན་སོགས་ཀྱི་ལས་དོན་སྐོར་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་རེད།

    ཞུས་ཀྲི་ཝུན་དང་ཐོག་མངའ་རིས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཕེབས་ནས་ཁུང་ཧྥན་སེན་དང་ལི་ཏི་སན་སོཌ་གསར་བརྗེའི་སྔོན་གཤེཌ་དཔའ་བོར་མེ་ཏོག་སོས་པ་ཕུལ་བ་དང་། རྒྱལ་སྲུང་མཐའ་སྲུང་གི་སྔོན་གཤེགས་དཔའ་བོའི་བྱས་རྗེས་ལ་དྲན་གསོ་ཟབ་མོ་ཞུས་པ། དྲན་གསོ་ཁང་གི་འགྲེམས་སྟོན་འཛུགས་སྐྲུན་དང་གསར་བརྗེའི་སློབ་གསོ་སྤེལ་ཚུལ་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་མཐུད། རྒྱལ་གཅེས་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་སྤེལ་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་རུ་ཞུས་ཀྲི་ཝུན་གྱིས་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་འབྲེལ་ས་ཁུལ་གྱི་དྲིལ་བསྒྲགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།

    རྩྭ་མདའ་རྫོང་བྱང་རྩེ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དང་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་སྤྱི་པའི་རིག་གནས་གཡུལ་སར་ཞུས་ཀྲི་ཝུན་གྱིས་གཞི་རིམ་གྱི་རིག་གནས་གཡུལ་ས་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཞུས་ཀྲི་ཝུན་ད་དུང་རྩྭ་མདའ་རྫོང་ཞ་དབྱི་ལུང་ཤུར་མཛེས་ལྗོངས་ཁུལ་དང་། གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ། སྤུ་ཧྲེང་རྫོང་ཁོངས་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་སུ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། རིག་གནས་སྲུང་སྐྱོང་དང་། སྐྱེ་ཁམས་འཛུཌ་སྐྱོང་། ཐོན་ལས་ལས་རྣམ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་རྫས་སྤུས་ལེགས་དང་རྩེར་སོན་གྱི་ཡུལ་སྐོར་སྤུས་རྟགས་བློ་རྩེ་གཅིག་སྒྲིམ་གྱིས་བཏོད་དེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།