དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-21

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་ཆིང་དབྱང་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། དགེ་མཚན་ཆེ་རིགས་འདོན་སྤེལ་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བཅས་བྱས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིར་ཡན་ཅིན་ཧའེ་ཡིས་བོད་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་སོགས་སྐོར་གྱི་སྙན་སེང་ནན་ཏན་གསན་པ་དང་། ཆིང་དབྱང་ལས་དོན་གྱི་ཆེད་དོན་ཚན་ཁག་དང་ཀྲུང་གོ་ནུས་རྒྱུ་ཞིབ་འཇུག་ལྷན་ཚོགས་བོད་ལྗོངས་ཆིང་དབྱང་ཐོན་ལས་རིགས་གཅིག་མཁས་ཅན་ལས་དོན་ས་ཚིགས་སུ་ཕེབས་ནས་ལས་དོན་མི་སྣ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་སྟེ། ཆིང་དབྱང་ཐོན་ལས་འཆར་འགོད་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཆིང་དབྱང་ཐོན་ལས་འཕེལ་རྒྱས་གཏོང་བར་བོད་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་བེད་སྤྱོད་བྱ་ཡུལ་སྣ་ཚོགས་ཡོད། དཔེ་སྟོན་སྔོན་སྤེལ་དང་བེད་སྤྱོད་ལ་གཞིགས་ནས་ཐོན་སྐྱེད་གཏན་འཁེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆིང་དབྱང་ཐོན་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ཐོན་ལས་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཆིང་དབྱང་ཐོན་ལས་སྣ་མང་ཅན་གྱི་དཔེ་སྟོན་བཀོལ་སྤྱོད་ལ་སྐུལ་འདེད་བརྟན་པོ་བཏང་ནས། ཆིང་དབྱང་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ལམ་ལུགས་འགན་ལེན་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། ཆིང་དབྱང་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་རིམ་པ་མང་བ་དང་སྣ་མང་ཅན་གྱི་གསར་གཏོད་ལས་སྟེགས་བསྐྲུན་ནས། ཤེས་ལྡན་པ་དང་། ལག་རྩལ། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་མགྱོགས་མྱུར་གཅིག་སྡུད་བྱེད་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། བཀོལ་སྤྱོད་བདག་སྐྱོང་གི་ལས་ཕྱོད་ཆེ་རུ་གཏོང་བ་དང་གཉེར་སྐྱོང་གི་མ་གནས་དམའ་རུ་བཏང་སྟེ། མང་ཚོགས་ཚོས་ཆིང་དབྱང་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་དངོས་ལོངས་སྤྱོད་ཏན་ཏིག་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སིའི་རྩིས་ནུས་ཡན་ལག་ཀུང་སིར་ཡན་ཅིན་ཧའེ་ཡིས་སྙན་སེང་གསན་པ་དང་། དྲིལ་བསྒྲགས་པར་གཞིར་གཟིགས་པ། ས་ཡུལ་དངོས་སུ་རིག་རྩིས་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་སོགས་བརྒྱུད་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གྲངས་འཛིན་དཔལ་འབྱོར་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པས། རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་འདེགས་སྐྱོར་ཞིབ་ཚགས་སུ་གཏོང་བ། མཐོ་གསར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། དགོས་མཁོའི་ཕྱོགས་སྟོན་དང་བཀོལ་སྤྱོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་གྲངས་འཛིན་འཁོར་འབྲེལ་ལ་བརྟེན་ནས་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་མཐུན་སྦྱོར་གྱི་འགག་གནད་བསལ་ཏེ་དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། ཁེ་ལས་ལ་རྣམ་གྲངས་དོན་འཁྱོལ་དང་སྐུལ་འདེད་གཏོང་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་རོགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།