དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “ཡོན་རམས་པའི་བོད་སྐྱོད་བྱ་སྤྱོད”ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-17

    ཚེས་15ཉིན“ཡོན་རམས་པའི་བོད་སྐྱོད་བྱ་སྤྱོད”ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བྱེད་སྒོར་ཞུགས་ནས་གསུང་བཤད་གནང་བ་མ་ཟད། བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་རམས་པ་རྡོ་རྗེ་དང་། ཉི་མ་བཀྲ་ཤིས། ཝང་ཧྲོང་ཅེ་བཅས་ཞུགས་ཡོད་པ་རེད།

    ལུའོ་མེ་ཡིས། “ཡོན་རམས་པའི་བོད་སྐྱོད་བྱ་སྤྱོད”ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སློབ་གྲྭར་སྤེལ་བ་ནི་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་དང་ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། སྤུས་ལེགས་ཀྱི་ཚན་རིག་ཁྱབ་གདལ་ཐོན་ཁུངས་གཞི་རིམ་དུ་ཁྱབ་རྒྱུར་སྐུལ་འདེད་དང་ཚན་རྩལ་གྱི་རྗེས་གྲབས་ཤེས་ལྡན་པའི་རྨང་གཞི་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེས་ན་ས་གནས་ཁག་དང་། སྡེ་ཚན་ཁག སློབ་གྲྭ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། ཐོན་ཁུངས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱེད་པ། ནང་དོན་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། བརྒྱུད་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་སྤུས་ཚད་མཐོ་བའི་ཚན་རིག་ཁྱབ་གདལ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྟོབས་ཤུགས་གསོག་འཇོག་བྱེད་དགོས་ཞེས་གསུངས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།