རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མངའ་རིས་སུ་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་སྤུ་ཧྲེང་དང་། སྒར། དགེ་རྒྱས། སྒེར་རྩེ་སོགས་རྫོང་དུ་ཕེབས་ཏེ་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་བཟོ་ལས་དཔལ་འབྱོར་སོགས་ལ་དམིགས་ནས། བརྟག་ཞིབ་གནང་བ་དང་། བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་མངའ་རིས་ཀྱི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ། མངའ་རིས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དང་མཐའ་མཚམས་ས་བབ་ཀྱི་བཟང་ཆར་གཞི་ཚུགས་ནས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་དང་རིམ་སྤོར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གཞུང་རྒྱུ་ཨུ་ལྷན་གྱིས་ལྟ་འདོམས་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་རྩིས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བས། ཁྱད་ལྡན་ཞིང་འབྲོག་དང་། ནུས་རྒྱུ་གཙང་མ། ཚྭ་མཚོའི་ཐོན་ཁུངས། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།