དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་བརྟག་ཞིབ་ཚོགས་ཆུང་མངའ་རིས་མཐའ་མཚམས་ས་ཁུལ་དུ་བརྟག་ཞིབ་དང་འཚམས་འདྲིར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-14

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བསྟན་འཛིན་གྱིས་རུ་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་དང་མཐའ་མཚམས་རྫོང་བཞིའི་འཐབ་ས་དང་པོར་ཕེབས་ནས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་གནས་ཚུལ་དང་། དམངས་སྲིད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་དམངས་འཚོའི་ཐ་སྐྱོང་འགན་ལེན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་དང་། བྱིས་པའི་ཕན་བདེ་ཁང་། བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་སོགས་འབྲེལ་ཡོད་སྒྲིག་གཞིར་འཚམས་འདྲི་ཡང་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། བདེ་འཇཌ་ཐོན་སྐྱེད་ནི་དམངས་སྲིད་ཞབས་ཞུའི་སྒྲིག་གཞིའི་སྲོག་རྩ་དང་དམངས་སྲིད་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་གྲུ་རྡོ་ལྟ་བུ་རེད། བདེ་འཇགས་ཀྱི་མཐའ་ཚད་བསམ་བློ་བརྟན་པོ་འཛུགས་པ་དང་། “ཆུ་དང་། མེ། གློག སོལ་རླངས། སྔོ་ཚལ་དང་། མི་དང་། འཕྲུལ་འཁོར། ཁང་པ། ར་སྐྱོར། རྒྱུ་ཆ”སོགས་ཀྱི་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ནས་མེ་ཟོན་སོགས་སྡེ་ཚན་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་གནད་དོན་གདུབ་ཟུམ་བཅོས་སྒྲིག་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གྲངས་རིག་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཐ་སྐྱོང་གི་འགན་ལེན་ཏན་ཏིག་དང་ཚགས་ཚུད་དང་། སེམས་ནུས་ཡོད་རྒུས་དམིགས་བསལ་ཚོགས་སྤྱིར་གཅེས་སྐྱོང་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།