དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-12

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བརྙན་ལམ་ཚོགས་འདུ་ནས་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་ཀྱི་འཁོར་སྐྱོད་གནས་ཚུལ་གསན་པ་དང་འབྲེལ། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་འཛུགས་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་བ། འགན་འཁྲི་མུ་མཐུད་ནན་དུ་གཏོང་བ། འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་བསྡུར་དང་བྱ་དགའ་ཆད་གཅོད་ནན་པོ་བཅས་བྱས་ནས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་དེ་དམངས་ཀྱི་བློ་གྲོས་གཅིག་འདུས་དང་དམངས་སེམས་གཅིག་ཏུ་སྒྲིལ་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་དང་། ལས་དོན་ཁག་ཚད་ལྡན་ཅན་དང་། ལམ་ལུགས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།