རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་དགུ་པའི་སྐོར་ཞིབ་ཀྱི་ལན་སྤྲོད་ལས་དོན་ལེགས་སྒྲུབ་ཟིན་པ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་དགུ་པའི་སྐོར་ཞིབ་ཀྱི་ལན་སྤྲོད་ལས་དོན་ཚང་མ་ལེགས་སྒྲུབ་ཟིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ཚོགས་ཆུང་5ཡིས་རེས་སྐོར་འདིར་སྐོར་ཞིབ་བྱས་པའི་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་སོགས་ཏང་རྩ་འཛུཌ་11ལ“གཅིག་གཏད་གཅིག”གི་སྒོ་ནས་སྐོར་ཞིབ་གནས་ཚུལ་སྐོར་ལན་སྤྲད་པ་རེད།
ལན་སྤྲོད་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ནན་ཏན་བསྟན་ནས་སྐོར་ཞིབ་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
ལན་སྤྲོད་ནང་ནན་བཤད་བྱས་དོན། སྐོར་ཞིབ་བྱས་ནས་གནད་དོན་ཤེས་རྟོགས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོར་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས། དག་ཐེར་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་དག་ཐེར་གྱི་ཇུས་གཞིར་ཞིབ་འཇུག་ནན་ཏན་བྱས་ནས་བཟོས་ཏེ་གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་རེ་རེ་བཞིན་དམིགས་སར་དོན་འཁྱོལ་བྱེད་དགོས། ཏང་ཨུད་ཀྱི་ཧྲུའུ་ཅི་ནི་འགན་འཁུར་བ་ཨང་དང་པོ་ཡིན་པས་རང་ངོ་མས་དམ་འཛིན་དང་སྣེ་ཁྲིད་དེ་སྒྱུར་བཅོས་བྱེད་པ་དང་ཚན་ཁག་གི་ཁོངས་མིས་རང་འགན་གཙང་སྒྲུབ་ཀྱིས་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་དག་ཐེར་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་དགོས། མཁྲེགས་སར་གཏུག་ཕོད་པ་བྱས་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ་རེས་སྐོར་འདིའི་སྐོར་ཞིབ་དག་ཐེར་དང་ཀྲུང་དབྱང་སྐོར་ཞིབ་ཀྱི་ལན་སྤྲོད་གནད་དོན་གྱི་རྒྱུན་རྣམ་དང་ཕུགས་ཕན་དག་ཐེར་ཟུང་འབྲེལ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ། ལྷག་བསམ་རྣམ་དག་ངང་འགན་འཁྲི་དང་ལས་འགན་སྒྲུབ་པ་དང་ཟུང་འབྲེལ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཡོ་བསྲང་བཅས་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱིས་དག་ཐེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དག་ཐེར་སླ་བཅོས་དང་དག་ཐེར་རྫུས་མར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། སྐོར་ཞིབ་ལས་ཁུངས་ཀྱིས་དག་ཐེར་ལས་ཀར་སྤྱི་འདོམས་མཐུན་སྦྱོར་དང་རྗེས་སྙེག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་སྐོར་ཞིབ་ཀྱི་གྲུབ་འབྲས་གང་ལེགས་སྤྱད་དེ་སྐོར་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་གཏིང་རིམ་གྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་གཏིང་ཟབ་བྱས་ནས། ལས་རིགས་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་ཞིབ་ཚོགས་ཆུང་ཁག་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གནད་དོན་སྐོར་གྱི་ཁུངས་སྣེ་འབྱོར་ནས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།