དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-10

    ཚེས་8ཉིན། རང་སྐྱོང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུ་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་ཟབ་ཏུ་གཏོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུའུ་ཧྲོའུ་ཁོའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཚེ་བརྟན་དང་ཤཱ་ཁེ་ཆིན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། དུས་མཚམས་གོང་མར་ལྗོངས་ཡོངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་ཟབ་ཏུ་བཏང་བའི་ལས་ཀའི་ཕན་འབྲས་ཕྱོཌ་སྡོམ་དང་ཁས་ལེན་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་འཐབ་རྩོད་ཀྱི་དམིགས་ས་དང་། ཤུཌ་རྒྱག་ས། བྱེད་ཐབས་གལ་ཆེན། ལས་ཀའི་བླང་བྱ་བཅས་ཁ་གསལ་བཏོན་ཡོད་པ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་གཏིང་ཟབ་ལེན་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་འགག་སྒྲོལ་དམག་འཐབ་དང་། མཉམ་འབྲེལ་དམག་འཐབ། རྒྱུན་སྲིང་དམག་འཐབ་བཅས་ཡག་པོ་བརྒྱབ་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ་དང་། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ལིའུ་ཅང་གིས་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཐོག་ནས་བལྟ་བ་དང་ཁྲིམས་སྐྱོང་ཀྱི་ཐོག་ནས་སྒྲུབ་པ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཚོས་སེམས་གཏིང་ནས་འཁོན་འཛིན་བྱེད་པའི་ནག་གཤེད་སྟོབས་ཤུགས་དང་ནག་གཤེད་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། ཁུངས་སྣེར་དམ་འཛིན་བྱས་ཏེ་གྲལ་བཤེར་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་ལས་རིགས་དང་། ཁྱབ་ཁོངས། མི་ཚོགས་བཅས་ལ་དམིགས་ནས། ཁུངས་སྣེ་གྲལ་བཤེར་དང་། ཞིབ་བཤེར་སྔོག་འདོན། སྒྲུབ་སྐུལ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་དོན་ཚན་གཅིག་ཀྱང་མི་ཆད་པ་དང་། མི་གཅིག་ཀྱང་མི་ལུས་པ། བྱ་བ་གཅིག་ཀྱང་མི་ལུས་པ་བཅས་བྱས་ནས། ཁུངས་སྣེ་གྲལ་བཤེར་དང་ཞིབ་བཤེར་ཐུབ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། རྡུང་རྡེག་གཏོང་བར་དམ་འཛིན་བྱས་ཏེ་ཁྲིམས་ལྟར་རྡུང་རྡེག་གཏོང་བར་ཤུགས་སྣོན་རྒྱག་དགོས། གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་སྒྲུབ་པའི་གོམས་གཤིས་མཐའ་གཅིག་ཏུ་དོར་བ་དང་། སྔ་ཙམ་རྡུང་རྡེག་དང་ཆུང་ས་ནས་རྡུང་རྡེག གཙོ་གནད་ཚད་བརྒལ། མཉམ་འདྲེས་དམག་འཐབ། ཁྲིམས་ལྟར་གྱོད་སྒྲུབ་བཅས་མཐའ་འཁྱོངས་ཀྱིས་རྙོག་འཛིང་དང་དཀའ་གནད་ཆེ་བའི་གྱོད་གཞི་ཧུར་ཐག་སྒྲུབ་པ་དང་། “གདུགས་རྒྱ་གཉིས་གཏོར”ཐད་རྒྱབ་རྩ་གཏོར་བར་ཚད་བརྒལ་གསར་པ་ཡོང་བར་བྱེད་པ། ལྷག་པར་དུ་ཆེད་དོན་འཐབ་རྩོད་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་བྱས་ཏེ། མཉམ་དུ་སྐུལ་འདེད་གཏོང་བ་དང་གྲུབ་འབྲས་རྒྱ་ཆེར་གཏོང་བར་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ་ལས་རིགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་རྒྱག་དགོས། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་ཉེན་ཁར་དོ་དམ་དང་ཁྲིམས་མཐུན་ལ་དོ་དམ་བྱེད་དགོས་ལ། ཁྲིམས་འགལ་ལ་དོ་དམ་དེ་བས་ཀྱང་བྱེད་དགོས་པ་མཐའ་འཁྱོངས་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་བརྒྱུད་རིམ་ལྡན་པའི་བསམ་བློ་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ལས་རིགས་ཁྱབ་ཁོངས་དང་གཙོ་གནད་ས་ཁུལ་གྱི་བཅོས་སྒྲིག་གྲུབ་འབྲས་ལེགས་སུ་ཧུར་ཐག་བཏང་ནས། ནག་གཤེད་སྟོབས་ཤུགས་འཕེལ་བའི་ས་རྒྱུ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། “8·26”ཆུ་རུད་ཀྱི་ཉེན་སེལ་རྒུད་སྐྱོབ་ཀྱི་སྒྲིག་ལམ་སྲུང་སྐྱོང་ལ་མཐོང་ཆེན་བྱས་ནས་ཉེན་སེལ་རྒུད་སྐྱོབ་དང་རྗེས་འཇུག་ཐག་གཅོད་ལ་འགན་སྲུང་ནུས་ལྡན་བྱེད་དགོས།

    སྤྱི་འདོམས་ལ་དམ་འཛིན་བྱས་ཏེ་འཐབ་རྩོད་ཀྱི་མཉམ་ཤུགས་ཆགས་པར་ཤུགས་སྣོན་རྒྱག་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚང་མ་ཞུགས་པ་དང་ཚང་མས་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་བཏོད་དེ། ཆེད་དོན་འཐབ་རྩོད་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྤེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་རྩོམ་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།