2026ལོའི་ལྗོངས་ཡོངས་ཀྱི་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུཌ་པ།
ཚེས་7ཉིན་གྱི་སྔ་དྲོར། 2026ལོའི་ལྗོངས་ཡོངས་ཀྱི“དངོས་སྒྲུབ་འགན་འཁུར་དང་སེམས་མཐུན་འགན་སྒྲུབ”ཀྱི་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད།
སློབ་འགོ་ཚུགས་པའི་མཛད་སྒོ་མ་འཚོགས་གོང་། ཚོགས་ཞུགས་བློ་མཐུན་ཚང་མས་ཡར་ལངས་ནས་གུས་སྟབས་ཀྱིས་སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་བསྟན་དོན། གསར་དུ་བསྐོ་གཞག་བྱས་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་མཐུད་ལག་བསྟར་གཏིང་ཟབ་བྱས་ནས་ལྷག་བསམ་རྣམ་དག་གིས་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”གནད་སྨིན་གྲོས་འདོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། གནད་སྨིན་འགན་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་ལུགས་མངོན་པར་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་འགན་སྒྲུབ་ཀྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པ། མཐུན་སྒྲིལ་ཆེན་པོར་བརྟེན་ནས་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། རང་གཅུན་ནན་པོ་བྱས་ཏེ་ཆེད་ལས་ཀྱི་འཇོན་ཐང་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྤྱོད་གཙང་གི་རང་མདངས་བཅས་ལ་སྦྱོང་བརྡར་སྤྲས་ཏེ་ཁྱད་འཕགས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།