བོད་ལྗོངས་བཟོ་ཚོགས་ཀྱི་གྲངས་རིག་ཅན་འཛུགས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དང་ཁྲོན་བོད་ས་ཁུལ་དང་གྲོང་ཁྱེར་བཟོ་ཚོགས་ཀྱི་གྲངས་རིག་ཅན་འཛུཌ་སྐྱོང་གི“གཅིག་གཏད་གཅིག”གི་ཆ་སྒྲིག་གན་འཇོག་མཛད་སྒོ་འཚོཌ་པ།
ཚེས་7ཉིན། བོད་ལྗོངས་བཟོ་ཚོགས་ཀྱི་གྲངས་རིག་ཅན་འཛུགས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དང་ཁྲོན་བོད་ས་ཁུལ་དང་གྲོང་ཁྱེར་བཟོ་ཚོགས་ཀྱི་གྲངས་རིག་ཅན་འཛུགས་སྐྱོང་གི“གཅིག་གཏད་གཅིག”གི་ཆ་སྒྲིག་གན་འཇོག་མཛད་སྒོ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་གྲངས་རིག་ཅན་འཛུགས་སྐྱོང་གི་བོད་སྐྱོར་ལམ་སྲོལ་བཙུགས་པ་དང་སི་ཁྲོན་ཞིང་ཆེན་བཟོ་ཚོགས་ཀྱིས་རོགས་སྐྱོར་འཛུགས་སྐྱོང་གི་ལས་འགན་དོན་འཁྱོལ་བྱས་པས། བོད་ཀྱི་གྲངས་རིག་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཚད་བརྒལ་བྱུང་ཡོད། མིག་སྔར“1+4+2”ཀྱི་སྤྱིའི་སྒྲོམ་གཞི་བཙུགས་ཟིན་པ་དང་AIའདྲ་བཟོས་ལས་རོགས“བཟོ་ཚོགས་ཀྱི་འབྲི་གཡག་ཆུང་ཆུང”ཞེས་པ་བཏོད་ཟིན་པས། མི་རིགས་ཁག་གི་ལས་བཟོས“སོར་རྩེའི་དུས་རབས”དངོས་སུ་སྤྱོད་འགོ་ཚུགས་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བཟོ་ཚོགས་ཀྱི་གྲངས་རིག་ཅན་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྨང་གཞི་བརྟན་དུ་གཏོང་བ། གྲངས་གཞི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཞབས་ཞུ་དེ“ལས་བཟོས་ཞབས་ཞུ་འཚོལ་བ”ནས“ཞབས་ཞུས་ལས་བཟོ་འཚོལ་བའི”བར་འགྱུར་བར་སྐུལ་འདེད་གཏོང་དགོས། ཆ་སྒྲིག་མཉམ་སྐྲུན་ཟབ་ཏུ་བཏང་ནས“ལག་རྩལ་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། ཤེས་ལྡན་མི་སྣ་མཉམ་སྐྱོང་། གྲུབ་འབྲས་མཉམ་སྤྱོད”བཅས་ཀྱི་མཉམ་ལས་རྣམ་པ་གསར་པ་བཏོད་དེ། “ལས་བཟོའི་ཁྱིམ་གཞིས”APPབོད་ཀྱི་ཆེད་དམིགས་ཁུལ་དེ་ས་མཐོའི་ལས་བཟོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་དྲ་ཐོག་གི་འཐབ་ས་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།