དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས”ཀྱི་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    ཚེས་3ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས”ཀྱི་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ཆད་སྐྱོན་དང་ཞན་ཆ་སེལ་བ། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མཐའ་སྲུང་མཐའ་བརྟན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས“ཇུས་འདོན་ལས་རོགས”དང་། “འབྲེལ་ཟམ་འབྲེལ་ཐག” “དམངས་གཙོའི་ལྟ་སྐུལ་བ”བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་རྒྱུན་མཐུད་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་པ། མཐའ་མཚམས་ཀྱི་ཐོན་ལས་རིམ་སྤོར་དང་འགག་སྒོ་འཛུགས་སྐྲུན་སོགས་ཀྱི་ཞིབ་འཇུག་བྱ་གཞིར་དམིགས་པ་བཅས་བྱས་ཏེ། རྒྱང་ལྟའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ཁ་གཏད་གཅོག་ཐབས་དང་གྲོས་འགོ་མང་ཙམ་འདོན་པ་དང་། ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་ཁག་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། འགན་སྒྲུབ་ཀྱི་ཕན་འབྲས་དངོས་ལ་བརྟེན་ཏེ་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།