ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་སྐོར་གྱི་སྙན་སེང་གསན་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་དེ་བཞིན་ལས་ཁུངས་ཏང་ཙུའུ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། “གནད་དོན་ཁག་གཅིག་བཤེར་འདོན་དང་། གསལ་ཐོ་ཁག་གཅིག་བཟོ་བ། ལམ་ལུགས་ཁག་གཅིག་འཛུགས་པ། དོན་དངོས་ཁག་གཅིག་སྒྲུབ་པ”བཅས་ལ་དམིགས་ནས། སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། དག་ཐེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་དང་། བྱ་གཞག་གི་ལྟ་བ། འཕེལ་རྒྱས་ཀྱི་ལྟ་བ་བཅས་འཛུགས་པར་སྐུལ་འདེད་བཏང་བས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་བསམ་པའི་ཉམས་འགྱུར་ཆེས་ཆེར་འཕེལ་ཡོད་པ་དང་། ལས་ཀའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ལམ་ལུགས་ཀྱི་ཞན་ཆ་སེལ་བ་དང་། ལས་ཀའི་བླང་བྱ་ཚད་ལྡན་དུ་གཏོང་བ། རྒྱུན་གཏན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ནས། མི་དམངས་འཐུས་ཚོགས་ཀྱིས་འགན་འཁྲི་སྒྲུབ་པ་དེ་བས་ཚན་རིག་དང་མཐུན་པ་དང་། གནད་ལ་འཕིགས་པ། ནུས་ཕྱོད་ཆེ་བ་བཅས་བྱུང་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རྒྱུན་སྲིང་ཤུགས་སྣོན་རྒྱག་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་སྦྱོང་བ་དང་། སྔོན་ལ་སྦྱོང་བ། སྣེ་ཁྲིད་ནས་སྦྱོང་བ། ཇི་མ་ཇི་བཞིན་སྦྱོང་བ། དཔེ་བསྡུར་ཡང་ཡང་བྱས་ནས་སྦྱོང་བ་བཅས་བྱས་ཏེ་སེམས་ལ་གཏིང་ཟབ་ཟུག་པ་དང་མཐའ་གསལ་མཐིལ་རྟོགས་ཐུབ་པར་བྱེད་དགོས་ཤིང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཟབ་སྦྱོང་མཐིལ་རྟོགས་ཁྲོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བར་སྐུལ་ཁྲིད་ཀྱིས་རིགས་པའི་གཞུང་ལུགས་ཀྱི་རིག་པ་དྭངས་གསལ་ལ་བརྟེན་ནས་ཆབ་སྲིད་ཐོག་བློ་རྩ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། རྒྱུན་རྣམ་དང་ཕུགས་ཕན་ངང་གནད་དོན་བཤེར་འདོན་དང་དག་ཐེར་བྱེད་དགོས་ཤིང་། སློབ་སྦྱོང་སློབ་གསོའི་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་ལ་རྒྱུན་རྣམ་ངང“ཕྱིར་མིག་ལྟ”དགོས། དག་ཐེར་བྱས་ཟིན་རིགས་ལ་དུས་བཀག་ལྟར་བསྐྱར་བཤེར་དང་ཚོད་སྐོར་གྱིས་གནད་དོན་བསྐྱར་ཐོན་མི་ཡོང་བ་བྱེད་དགོས། དག་ཐེར་ཟིན་མེད་པའི་ལས་འགན་ལ་དམ་པོར་དམིགས་ནས་མུ་མཐུད་འགག་སྒྲོལ་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། “མིག་སྔའི་དག་ཐེར”ཁྲོད་ནས“ཕུགས་ཕན་ལམ་སྲོལ་འཛུགས་པར”བསམ་གཞིག་བྱེད་པ་དང་། གྱོད་གཞི་ཚབས་ཆེན་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཁྲོད་ནས་ལམ་ལུགས་ཀྱི་སྐྱོན་ཆ་དང་ཞན་ཆ་འཚོལ་ཞིབ་གྱིས་ལམ་ལུགས་དང་སྒྲིག་ལམ་སྔར་བས་ལེགས་སྒྲིག་དང་། གསར་བརྗེ། ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། གཙོ་གནད་འབུར་ཐོན་གྱིས་ལས་བྱེད་པ་འདེམས་པ་དང་། གསོ་སྐྱོང་། དོ་དམ། བཀོལ་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་འགན་འཁུར་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་མཁན་ལས་བྱེད་པ་འདེམས་སྤྱོད་ཤུགས་ཆེན་བྱེད་པ་དང་། སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་དང་གོ་འཛོལ་བྱུང་བའི་མི་དང་གནད་དོན་ཐད་དུ། དཔེ་མཚོན་དང་སྐབས་བབ་ཀྱི་བྱེད་སྤྱོད། བརྡ་ཁྱབ་གཏོང་བ་བཅས་ལ་དམ་འཛིན་གྱིས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།