དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཙུའི་ཚོགས་འདུ་འཚོགས་པ།

    ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-07

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཕྱོགས་སྡོམ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ལ་དམིགས་ནས་སྤེལ་རེས་གཏམ་བཤད་སྤེལ་བ་མ་ཟད། ད་དུང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    མོང་ཞའོ་ལིན་དང་། ངག་དབང་། པད་མ་དབང་འདུས། སྒྲོལ་དཀར། ལང་ཕུའུ་ཁོན། ཝང་ཀང་། ཟླ་བ་དངོས་གྲུབ་བཅས་ཚོགས་འདུར་ཞུགས་པ་དང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟུར་ཞུགས་གནང་བ་རེད།

    ཚོགས་འདུ་མ་འཚོགས་གོང་ཚང་མ་ཡར་བཞེངས་ནས་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་།རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱིད་གྲོང་རྫོང་ལ་ཆུ་རུད་ཀྱི་གནོད་འཚེ་ཕོག་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་ངང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་བསམ་བློའི་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དེ་བས་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས། རང་ལྗོངས་ཀྱི་འཁྱགས་རོམ་དང་འཁྱགས་མཚོའི་ཐོན་ཁུངས་ལ་བརྟག་དཔྱད་བྱ་རྒྱུ་དང་། རང་བྱུང་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུ། ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུ། མཐའ་མཚམས་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་མ་ལག་འཛུགས་རྒྱུ་སོགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། གྲོས་མོལ་སྲིད་གླེང་རྒྱ་ཁྱབ་ཏུ་བྱས་ནས་སྤུས་ཚད་མཐོ་བའི་སྲིད་གྲོས་ཀྱི་གྲོས་གཞི་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གཟབ་བཞེས་གནང་ལུགས་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་ཚུལ། ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་ཐོན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་ལ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དུས་ངལ་མཉམ་སེལ་དང་དཀའ་གནད་མཉམ་སེལ་གང་ཐུབ་ཅི་ཐུབ་བྱེད་དགོས།

    ལིའུ་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་རྒྱུན་སྦྱོང་རྒྱུན་གསར་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་པར་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བ་དང་། ནུས་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ནས་བསམ་བློའི་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་དང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་བྱས་རྗེས་གསར་པ་འཇོག་ཐུབ་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་འཁྲི་གནད་ལ་འཁེལ་པོས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྲིད་གྲོས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ། རང་གཅུན་ནན་པོ་དང་གཞི་རྩ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཉམས་སད་ཐེག་པའི“དཔུང་ཁག་གཉིས”གཏོད་པ་དང་འགན་འཁྲི་སྒྲུབ་པའི་རྨང་གཞི་བརྟན་དུ་གཏོང་བར་ཁྱོན་ཡོངས་ནས་མཐོར་འདེགས་ཡོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།