ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོཌ་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་། གསུང་བཤད་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཏང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་། ལས་དོན་བཀོད་སྒྲིག་དང་དོན་འཁྱོལ་བཅས་གནང་བ་རེད།
ཚོགས་འདུ་འགོ་ཚུགས་སྐབས་ཚང་མ་ཡར་བཞེངས་ནས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། ད་ཐེངས་ཀྱི་ཆུ་རུད་གནོད་འཚེའི་གནས་ཚུལ་ཚབས་ཆེ་བ་དང་། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ། ཐག་གཅོད་བྱེད་དཀའ་བ་བཅས་ཀྱི་དུས་བབ་ཛ་དྲག་པོར་ངོས་འཛིན་གཏིང་ཟབ་བྱས་ཏེ་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་དང་། རྗེས་འཇུག་བཀོད་སྒྲིག གེགས་རྗེས་བསྐྱར་སྐྲུན་བཅས་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་རྣམ་གཡེང་གི་བསམ་བློ་མཐའ་གཅིག་ཏུ་སེལ་བ་དང་། ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ། བབ་ལྟའི་སེམས་ཁམས་གཏན་འགོག་བཅས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་རྗེས་སུ་དམ་པོར་འབྲང་བ་དང་། གེགས་སེལ་ལས་དོན་གྱི་མྱུར་ཚད་ལ་དམ་པོར་དམིགས་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་པོར་དམིགས་པ། བཀའ་འབྱོར་འཕྲལ་སྒྲུབ་དང་། ཉེན་ཁར་མི་འཛེམས་པ། མདུན་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་དངོས་སྒྲུབ་དང་ཉམས་སད་ཐེག་ཐུབ་པའི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། མིག་སྔའི་གེགས་སེལ་དུས་བབ་ལ་གཞི་ཚུགས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་དགོས།“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ་ལས་གནས་ལ་གཞི་བཙུགས་ནས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། མང་ཚོགས་བཀོད་སྒྲིག ས་ཡུལ་དངོས་སུ་གཙང་བཤེར། བཟའ་སྡོད་འགན་ལེན། སྨན་བཅོས་སྐྱོབ་བཅོས། སེམས་ཁམས་གསེད་བཀྲོལ། ནང་མིར་སེམས་གསོ། རེ་ཞུར་ལན་སློག་པ་སོགས་ཀྱི་ལས་དོན་དོན་འཁྱོལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། གནད་སྨིན་ཇུས་འདོན། ཇུས་འགོད་དང་རྗེས་སྙེག་སྒྲུབ་སྐུལ་དང་ཕན་འབྲས་ལ་བདའ་འདེད་གཏོང་བ་བཅས་བྱེད་དགོས། ཕུགས་ཀྱི་གེགས་འགོག་ལ་དམིགས་ནས་ཁྲིམས་སྐྱོང་སྲུང་བཅད་བརྟན་པོ་སྐྲུན་དགོས། འཁྱགས་རོམ་དང་འཁྱགས་མཚོ་དང་། ལུང་གཞུང་གི་རི་བོ། རྒྱལ་མཚམས་སྒྲོལ་བའི་གནོད་འཚེ་བཅས་ཀྱི་དམིགས་བསལ་དང་རྙོག་འཛིང་ཆེ་བའི་དུས་བབ་ལ་དམ་པོར་དམིགས་ནས་ད་ཡོད་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། ས་གཤིས་ཀྱི་གནོད་འཚེ་དང་འཕྲལ་སྡོམ་དོ་དམ་སོགས་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བ་དང་བཟོ་བཅོས་རྒྱག་པའི་ལས་དོན་ལ་ཞིབ་འཇུག་བྱས་ནས་སྐུལ་འདེད་གཏོང་བ། རྒྱལ་མཚམས་སྒྲོལ་བའི་གནོད་འཚེའི་ཉེན་བརྡ་དང་ཐག་གཅོད་དང་འཕྲལ་སྡོམ་མཉམ་འགུལ་ལམ་ལུགས་ཀྱི་ཞན་ཆ་སེལ་བ་བཅས་བྱེད་དགོས། གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་དམ་པོར་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཏོན་པའི་འབྲེལ་ཡོད་གྲོས་འགོ་དང་ལེན་དང་ཐག་གཅོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་ཏན་ཏིག་སློག་དགོས།
འབྲེལ་ཡོད་གསར་འགྱུར།