དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་རྒྱུན་སྲིང་ལྷོད་མེད་ངང་སྐོར་ཞིབ་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-07

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་། ཀྲུང་དབྱང་གི་སྐོར་ཞིབ་ལན་སྤྲོད་བསམ་འཆར་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ཡོངས་བསྒྲགས་ལས་དོན་ལ་ཞིབ་འཇུག རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་དག་ཐེར་དང་རེས་སྐོར་དགུ་པའི་སྐོར་ཞིབ་གནས་ཚུལ་གྱི་སྙན་སེང་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྐོར་ཞིབ་ལས་དོན་དེ་ཉིད་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ལ་བརྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་སྐོར་ཞིབ་ལས་དོན་ལ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བ་དང་། སྐོར་ཞིབ་ཀྱི་སྙན་སེང་གསན་པ་དང་གསུང་བཤད་གལ་ཆེན་གནང་བ། རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་བཅས་ལས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་དབྱང་ནས་སྐོར་ཞིབ་ལན་སྤྲོད་གནང་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། སྐོར་ཞིབ་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། དངོས་ཕན་དོན་གཉེར་མཐའ་འཁྱོངས་བྱེད་པ། སྤྱི་འདོམས་སྐུལ་འདེད་ལ་དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་དང་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས། སྐོར་ཞིབ་དག་ཐེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དངོས་ཐོག་བདེན་འཚོལ་དང་གནད་དོན་ལ་ཐད་ཀར་གདོང་གཏུག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ནན་པོ་སྲུང་བ། ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། མང་ཚོགས་ཀྱི་བསམ་འཆར་ལན་སྤྲོད་ཐབས་ལམ་འཁོན་ཐོགས་མེད་པ་བཟོ་བ། རྩིས་ཁྲ་བཟོ་བ་དང་། དུས་ཐོག་ཏུ་ལན་སློག་པ། རྗེས་སྙེག་ཐག་གཅོད་བཅས་བྱེད་པ། གྲུབ་འབྲས་བཀོལ་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་པ། གཅིག་ཤེས་ཀུན་གྲོལ་ལ་སྐུལ་འདེད་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་།རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དང་། རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཟུང་འབྲེལ། དག་ཐེར་ལས་འགན་རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ནས་དག་ཐེར་གྱི་གྲུབ་འབྲས་དེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་པ་དང་། བྱེད་པོའི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ། གནད་སྨིན་ཕན་ཆེའི་སྒོ་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་པ། སྐོར་ཞིབ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་སྤུས་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བས། ལྗོངས་ཡོངས་ཀྱི་ས་གནས་དང་ཚན་པ་193ལ་ཏང་རྩ་འཛུགས་ཀྱི་སྐོར་ཞིབ་ཁྱོན་ཡོངས་ནས་ཁྱབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཚོད་འཛིན་བཟོ་བ་དང་མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་བྱེད་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མངོན་གསལ་དོད་པོ་ཁག་ཅིག་ཤེས་རྟོགས་བྱུང་བ་མ་ཟད་ཐག་གཅོད་ཡོང་བར་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བའི་ཁྲོད་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་རྒྱུན་སྲིང་ལྷོད་མེད་ངང་སྐོར་ཞིབ་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་དག་ཐེར་དང་དག་ཐེར་མཐར་ཕྱིན་པ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་མཚམས་འཛུགས་སྐྲུན་སོགས་ཐད་ཀྱི་ཞན་ཆར་དམིགས་ནས་གནད་སྨིན་ཤུགས་སྣོན་རྒྱག་པ་དང་། རྒྱུན་གཏན་གྱི་སྐོར་ཞིབ་དང་། ཆེད་དོན་སྐོར་ཞིབ། སྐབས་བསྟུན་སྐོར་ཞིབ། “ཕྱིར་མིག་ལྟ་བ”བཅས་ལ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱེད་པ། ལྟ་སྐུལ་གྱི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ། དག་ཐེར་ཇུས་གཞི་ཞིབ་འཇུག་ནན་ཏན་བྱས་ནས་བཟོ་བ། གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་རིམ་པ་བཞིན་བཟོ་བ་བཅས་བྱས་ཏེ་སྐོར་ཞིབ་ལས་དོན་གཏིང་ཟབ་སྤེལ་བ་དང་སྤུས་ཚད་མཐོ་པོས་སྤེལ་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“འཕྲལ་བཅོས”དང“ཕུགས་འཕེར”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཇུས་ཐག་གཅོད་པའི་གོ་རིམ་དང་། རྣམ་གྲངས་དོ་དམ། མ་དངུལ་བེད་སྤྱོད། ལྟ་སྐུལ་གྱི་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐོར་ཞིབ་དག་ཐེར་བྱེད་པ་དེ་ཀྲུང་དབྱང་གི་སྐོར་ཞིབ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར། རྩིས་བཤེར་ལན་སྤྲོད་གནད་དོན་དག་ཐེར་བཅས་དང་དེ་བཞིན“ལོ་ལྔ་ཚན་བཅོ་ལྔ་པའི”ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ། དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། དངོས་འཛིན་བཙན་འཐབ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་དུ་གནོན་ཤུགས་སྤྲོད་པ་དང་། འགན་འཁྲི་ནན་དུ་གཏོང་བ། རིགས་དབྱེའི་མཛུབ་ཁྲིད་མཐའ་འཁྱོངས་བྱེད་པ། དག་ཐེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྗེས་སྙེག་ཕན་འདྲིར་ཤུགས་སྣོན་རྒྱག་པ། གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱེད་པ། སྐོར་ཞིབ་ཀྱི་མཇུག་མཐུད་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།