ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
ཟླ་9ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་དྲུག་པ་གཙོ་སྐྱོང་གནང་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲང་ཧུང་པོ་དང་། ཐང་མིང་དབྱིང་། ལིའུ་པོ་ཁྲེང་། སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་ལེན་པའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྣེ་ཁྲིད་དེ་ཡག་པོ་སྦྱོང་བ་དང་བེད་སྤྱོད་ཡག་པོ་བཏང་སྟེ། “བདེ་འཇགས་ཆེན་པོའི”འདུ་ཤེས་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཇུས་འགོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྲིམས་ལྟར་ལྟ་སྐུལ་བྱེད་པའི་ཐད་གནད་སྨིན་ཇུས་བསྟར་བྱས་ཏེ། ལྟ་སྐུལ་བྱེད་སྟངས་ཡག་པོ་སྤྱོད་པ་དང་། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། དོན་དངོས་དང་ཟུང་འབྲེལ་གྱིས་ཁྲིམས་འཛུགས་བརྟག་ཞིབ་ཡག་པོ་བྱེད་པ་བཅས་བྱས་ཏེ་ལམ་ལུགས་ཀྱི་ཞན་ཆ་སེལ་དགོས། མཉམ་ཤུགས་གཅིག་སྒྲིལ་ཐད་རང་འགུལ་ངང་བྱས་རྗེས་བཞག་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་བ་བྱེད་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། གསང་སྲུང་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ནང་ཁུལ་གྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།