དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཨ་མ་རྒན་མོར་ཕྱག་བཏང་བ་དེ་ལས་ཏང་ཀྲུང་དབྱང་གི་བརྩེ་བ་ཟབ་མོ་མཚོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-28

    “གལ་ཏེ་རླབས་ཆེན་གྱི་མེས་རྒྱལ་དང་ཏང་གི་འགོ་ཁྲིད་མེད་ན་ང་ཚོར་བརྟན་འཇགས་ཀྱི་སྡོད་གནས་ཟེར་བ་གླེང་ཐབས་བྲལ”ཞེས་ཨ་མ་རྒན་མོ་ཞིག་གིས་མིག་ལ་མཆི་ཞག་འཁོར་བཞིན་དུ་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་ཐུགས་ཁྲལ་ཆེན་པོ་གནང་གི་འདུག”ཅེས་ཝང་ཅུན་ཀྲེང་གིས་སྐྱིད་གྲོང་རྫོང་གི་གནོད་འཚེ་ཕོག་པའི་ཨ་མ་རྒན་མོའི་ལག་ནས་དམ་པོར་འཇུས་གནང་སྟེ་ང་ཚོ་མཉམ་དུ་དཀའ་གནད་ལས་སྒྲོལ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས། 

    ཨ་མ་རྒན་མོར་ཕྱག་བཏང་བ་དེ་ལས་ཏང་ཀྲུང་དབྱང་གི་བརྩེ་སེམས་ཟབ་མོ་མཚོན་གྱི་ཡོད།

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་དང་འབྲེལ་བ་ཆད་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་བྱུང་གནོད་འཚེ་འདིར་ཚད་མཐོའི་མཐོང་ཆེན་གནང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། གནོད་འཚེ་ཐོན་རྗེས་མཛུབ་སྟོན་གལ་ཆེན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཙུང་ལི་ལི་ཆང་གེགས་ཁུལ་དུ་ཕེབས་ནས་ས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད། ཙུང་ལི་གཞོན་པ་ཀྲང་གོ་ཆིང་ས་ཡུལ་དངོས་སུ་མཛུབ་ཁྲིད་དང་ཐག་གཅོད་གནང་བར་ཕེབས་ཡོད་པ་རེད།

    པེ་ཅིང་དང་སྐྱིད་གྲོང་དབར་བར་ཐག་སྤྱི་ལེ་སུམ་སྟོང་ཙམ་ཆོད་ནའང་ཀྲུང་ནན་ཧའེ་ཡི་ཐུགས་ཁུར་ཟབ་མོ་ཆད་ག་ལ་སྲིད། མང་ཚོགས་ལ་ཕྱག་གཏོང་ཐེངས་རེ་རེ་ནི་ཁོང་མི་གཅིག་གིས་ཐུགས་ཁུར་གནང་བ་ཞིག་མིན་པར་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པར་ཁས་ལེན་དམ་བཅའ་བཞག་པ་ཞིག་དེ་བས་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་འཕྲལ་མར་ས་ཡུལ་དངོས་སུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ལམ་བར་དུ་ཁོང་གིས་མདུན་ཕྱོགས་བཀོད་འདོམས་པུའུ་དང་འབྲེལ་བ་ཡང་ཡང་གནང་ནས་འཚོལ་སྐྱོབ་དང་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    ཚེས་27ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པར་ཝང་ཅུན་ཀྲེང་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་མ་ཐག་ཉེན་སེལ་རྒུད་སྐྱོབ་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ནས་ཚང་མ་དང་མཉམ་དུ་ཞིབ་འཇུག་བརྡར་གཅོད་དང་གོམ་སྟབས་རྗེས་མའི་རོགས་སྐྱོབ་ཐག་གཅོད་ལས་དོན་བཀོད་སྒྲིག་གནང་ཞིང་། ཁོང་གིས་འཚོལ་སྐྱོབ་དང་། བཀོད་སྒྲིག རྗེས་མཐུད་ལས་ཀ ཞོར་ཐོན་གནོད་འཚེ་སྔོན་འགོག་བཅས་ཀྱི་ལས་དོན་གནད་ལ་འཁེལ་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ཉིན་ཤས་བསྟུད་མར་ཝང་ཅུན་ཀྲེང་གནོད་འཚེའི་གནས་ཚུལ་ཐོན་ས་དང་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ཏེ་ས་ཡུལ་དངོས་ཀྱི་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཝང་ཅུན་ཀྲེང་ས་ཆ་གང་དུ་ཕེབས་ཀྱང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་ཞུ་གི་ཡོད། 

    གནོད་འཚེ་ཕོག་ཁུལ་དུ་གཏོར་སྐྱོན་ཚབས་ཆེན་ཕོག་པ་གཟིགས་སྐབས་ཝང་ཅུན་ཀྲེང་གིས“མིག་སྔའི་ཁ་ཚ་དགོས་གཏུགས་ནི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་དང་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མ་བཏང་བར་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་དེ་རེད”ཅེས་གསུངས་པ་རེད།

    ཆར་རླུང་དྲག་པོའི་ཁྲོད་གཞི་ནས་སྲོག་ཤིང་ཀ་རྟེན་མངོན་སྲིད། བཀའ་མོལ་བསྡུས་པོ་ཡོད་ཀྱང་ནང་དོན་ཧ་ཅང་ཚོགས་པོ་ཡོད། རང་བྱུང་གནོད་འཚེར་སྙིང་རྗེ་མེད་རུང་ཏང་དང་སྲིད་གཞུང་ནི་ནམ་ཡང་གངས་ལྗོངས་ས་མཐོའི་རྒྱབ་རྟེན་ཡག་ཤོས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།