རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་དོན་གཉིས་པ་འཚོགས་པ།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་25ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་དོན་གཉིས་པ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་གྱི་བསམ་འཆར་དང་གྲོས་འགོ་དང་། ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་དེ་བཞིན“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུའི་བསམ་འཆར་དང་གྲོས་འགོ 2025ལོའི་ལོ་འཁོར་གྱི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུའི་བསམ་འཆར་དང་གྲོས་འགོ སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འགོ་སྒྲུབ་གཉེར་ཚན་པས་ལོ་གསུམ་ནང་ཐག་གཅོད་བྱེད་རྩིས་ཡོད་པའི་གྲོས་འགོ་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུའི་བསམ་འཆར་དང་གྲོས་འགོ་བཅས་གསན་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ(མ་ཟིན)ལ་ཞིབ་འཇུག་བྱས་པ་རེད།《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྲུང་བྱ(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞི་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སྣོན་འཛུགས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ། རང་སྐྱོང་ལྗོངས་རིམ་པའི་གཞུང་ཁོངས་ཁེ་ལས་ཀྱི་མ་རྩའི་རིགས་ཀྱི་དོན་གནད་གལ་ཆེན་གྱི་ཐབས་ཇུས་དོ་དམ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འདྲི་རྩད་ལས་དོན་གྱི་ཇུས་གཞི་བཅས་གསན་པ་རེད།
ཚོགས་འདུའི་ཐོག་ད་དུང《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་ཆེད་དོན་འདྲི་རྩད་ལས་དོན་གྱི་ཕྱོགས་སྡོམ》བཀྲམ་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ལས་ཀའི་གཙོ་གནད། འཆར་གཞི་བཀོད་སྒྲིག་བཅས་ལ་གཞིགས་ནས་ལས་དོན་གྱི་འཕེལ་རིམ་ལ་དོན་ཚན་རེ་རེ་བཞིན་གསེད་བཀྲོལ་བྱེད་པ་དང་། གོ་ཆོད་ཡུན་ཚད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ། ལས་དོན་གྱི་འཕེལ་རིམ་ལ་ཚོད་འཛིན་གནད་སྨིན་བྱེད་པ། སྔ་ལྷོད་ཕྱི་དམ་གཏན་འགོག་བཅས་བྱས་ཏེ་གཏན་འཁེལ་བྱས་པའི་ལས་འགན་སྤུས་འབྲས་ཆེན་པོས་ལེགས་སྒྲུབ་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཁྲེང་ཚང་དང་། ཀྲང་ཧུང་པོ། ཐང་མིང་དབྱིང་། ལིའུ་པོ་ཁྲེང་། ལི་ཝུན་ཀེ་བཅས་ཕེབས་ཡོད།
འབྲེལ་ཡོད་གསར་འགྱུར།