རྒྱལ་ཡོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་དང་ཁྲེང་ཁའེ་ཡིས་གསུང་བཤད་གནང་བ། ཀརྨ་ཚེ་བརྟན་དང་ཀྲོའུ་ཁྲང་ཁུའེ་ཞུགས་པ།

ཉེ་ཆར། རྒྱལ་ཡོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ས་ཡུལ་དངོས་ཀྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེང་ཁའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཉེ་ཆར། རྒྱལ་ཡོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ས་ཡུལ་དངོས་ཀྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེང་ཁའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་དང་། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ལས་འཛིན་ཀྲང་ཀྲོའུ་ཁྲང་ཁུའེ་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་ཕྱོགས་བཟང་བ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་པ། མཐའ་མཚམས་ས་ཁུལ་དེང་རབས་ཅན་གྱི་འཛུགས་སྐྲུན་གོམ་སྟབས་སྔར་བས་མགྱོགས་སུ་ཕྱིན་པ་བཅས་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། གྲུབ་འབྲས་འདི་འདྲ་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་ཞིང་། དེ་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པ་ར་འཕྲོད་གང་ལེགས་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་གང་ལེགས་མངོན་ཞིང་། དེའང་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་དེའི་ཁོངས་གཏོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། དུས་ཡུན་རིང་པོའི་ནང་། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་དེའི་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱེད་པ། ཤེས་ལྡན་པ་བདམས་མངག་དང་། རྣམ་གྲངས་ལག་བསྟར། མ་དངུལ་འགན་སྲུང་སོགས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དབང་སྐྱོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། ང་ཚོས་དབང་སྐྱོན་བྱ་གཞག་སྐོར་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དབང་སྐྱོན་བྱ་གཞག་འདི་ཉིད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལས་དོན་གྱི་གནས་བབ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་གང་ཐུབ་ཅི་ཐུབ་ཀྱིས་ལས་ཞུགས་ལས་གཏོད་ཐུབ་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་གཏོང་བའི་དབང་པོ་སྐྱོན་ཅན་གྱི་དབང་ཆར་འགན་སྲུང་གང་ལེགས་བྱེད་པ། དབང་པོ་སྐྱོན་ཅན་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དབང་སྐྱོན་བྱ་གཞག་གི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། བོད་སྐྱོར་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པ་ཐོན་པར་སྐུལ་འདེད་གཏོང་དགོས།
ཁྲེང་ཁའེ་ཡིས་གསུངས་དོན། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་སྐྱོར་ལས་དོན་དེ་རང་འགུལ་ངང་ས་གནས་འདི་གའི་ཏང་ཨུད་དང་སྲིད་གཞུང་གི་བོད་སྐྱོར་ལས་དོན་གྱི་སྤྱི་ཡོངས་ནང་བཅུག་ནས་གཅིག་གྱུར་བཀོད་སྒྲིག་དང་། སྤྱི་འདོམས་འཆར་འགོད། དུས་གཅིག་ཏུ་ལག་བསྟར་བཅས་བྱེད་པ་དང་འབྲེལ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འཁོས་དཔག་ལས་སྒྲུབ་དང་། གང་ཐུབ་ཅི་ཐུབ། འཇམ་རྩུབ་ཟུང་འབྲེལ། གནད་སྨིན་དངོས་སྒྲུབ་བཅས་བྱེད་དགོས། ཧེ་བག་ཅན་གྱི་དགོས་མཁོར་དམིགས་པ་དང་ས་མཐོའི་ཡུལ་བབ་དང་འཚམ་པར་བྱས་ཏེ་རིགས་དབྱེ་ནས་རོགས་སྐྱོར་བྱེད་ཐབས་བཟོ་བ་དང་། རོགས་སྐྱོར་ཐོན་ཁུངས་གནད་སྨིན་ངང་བཀོད་སྒྲིག་བྱེད་པ། ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། སྤེལ་རེས་ལས་སྟེགས་སྐྲུན་པ། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ཞན་ཆ་སེལ་བ་བཅས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། དབང་པོ་སྐྱོན་ཅན་གྱི་འགན་སྲུང་དང་གོང་འཕེལ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པར་དམིགས་ནས་དབང་སྐྱོན་བྱ་གཞག་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཁ་གཏད་བོད་སྐྱོར་གྱི་གོ་སྐབས་བཟང་པོ་ཡག་པོ་སྤྱོད་པ། ནང་གནས་ཀྱི་སྒུལ་ཤུགས་སྐྱེད་སྲིང་དང་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དབང་སྐྱོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ཀྲེ་ཅང་ཞིང་ཆེན་དང་། ཀོང་ཏུང་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་ཀྱི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།