རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་གྱི་རིགས་ཁོངས་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོཌ་པ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་གྱི་རིགས་ཁོངས་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། “ཚོགས་པ་ཅན་གྱི་སློབ་གཉེར་ལ་བརྟེན་ནས་འོས་འགན་སློབ་གསོ་ལེགས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་སྐོར”སོགས་གཙོ་གནད་གྲོས་གཞིའི་སྒྲུབ་གཉེར་ལ་དམིགས་ནས། ངོ་ཐུག་གདོང་འཕྲད་ཀྱིས་གྲོས་མོལ་སྤེལ་རེས་བྱས་པ་རེད།
ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་གསུང་བཤད་གནང་བ་དང་། སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོས་གཞི་སྒྲུབ་གཉེར་ཡག་པོ་བྱེད་པ་ནི་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་ཞིག་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ཧུར་ཐག་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། རིམ་པ་བཞིན་གསེད་བཀྲོལ་དང་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དག་དམངས་ཕན་གྱི་ཕན་འབྲས་དངོས་ལ་བསྒྱུར་ནས། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་སྲིད་གྲོས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།