ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།
ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི“ཁྲིམས་མེད་ལ་རྡུང་རྡེག་དང་སྒྲིག་འགལ་ལ་བཅོས་སྒྲིག”གི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། བདེ་འཇགས་ཐོན་སྐྱེད་ནི་དམངས་འཚོའི་བདེ་རྩ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། རྒྱལ་ཁབ་ཀྱི་དོན་ཆེན་ཡང་ཡིན། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས“ཁྲིམས་མེད་ལ་རྡུང་རྡེག་དང་སྒྲིག་འགལ་ལ་བཅོས་སྒྲིག”གི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་སྐྲུན་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་སྤུས་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱིས་བདེ་འཇགས་ཐོན་སྐྱེད་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།
བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་བ། གཏེར་རི་དང་། རྫས་འགྱུར་བཟོ་ལས། མེ་ཟོན། བཟོ་ཚོང་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་དམིགས་པ། དམིགས་ཚད་ཀྱིས་སྣེ་ཁྲིད་དང་། ལྟ་འདོམས་སྔོན་འཇོག མཉམ་དུ་ཤུགས་འདོན་བཅས་མཐའ་འཁྱོངས་བྱེད་པ། གནད་དོན་ལ་ཕྱོགས་ནས་འགྲོ་བ། གནད་དོན་ལ་དམིགས་ནས་བརྟག་དཔྱད། གནད་དོན་ལ་གཞིགས་ནས་བཅོས་སྒྲིག་བཅས་བྱས་ཏེ“ཁྲིམས་མེད་ལུགས་མེད་ལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག”གི་ལས་དོན་ཡག་པོ་སྒྲུབ་དགོས། ཐོག་མཐའ་བར་གསུམ་དུ་ནན་པོ་དང་མཁྲེགས་སར་གཏུག་ཕོད་པ་བྱས་ཏེ“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། མཉམ་འབྲེལ་ཁྲིམས་སྒྱུར་དང་། ཆ་འཕྲིན་མཉམ་སྤྱོད། གྲོས་མོལ་ཞིབ་འཇུག་བརྡར་གཅོད། ཁུངས་སྣེ་རྩིས་སྤྲོད་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ། སྲིད་འཛིན་ཁྲིམས་སྒྱུར་དང་། ཉེས་ཁྲིམས་ཁྲིམས་འཛིན། སྒྲིག་ཁྲིམས་ལྟ་ཞིབ་བཅས་སྦྲེལ་མཐུད་ནན་པོ་བྱས་ནས་མཉམ་འཛིན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དངོས་ཕན་དོན་གཉེར་དང་། ས་གནས་ས་ཐོག་ཏུ་སྐྱོད་པ་དང་། འཐབ་ས་དང་པོར་གཤམ་སྐྱོད། མངོན་མེད་རྐྱེན་ངན་གྱི་གཙོ་གནད་ལ་རྡུང་རྡེག་གཏོང་བ་བཅས་མཐའ་འཁྱོངས། བདེ་འཇགས་ལྟ་འདོམས་ཀྱི་རྟོལ་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། གནད་དོན་གཅིག་བཅོས་སྒྲིག་བྱས་ན་གནད་དོན་དེ་རིགས་མི་ཐོན་པ་བྱེད་པ་དང་ཁྱབ་ཁོངས་དེ་རིགས་ཚད་ལྡན་དུ་འགྲོ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་བྱེད་ཐབས་དེ་གནད་དོན་མ་ཐོན་གོང་ནས་སྔོན་འགོག་ཕྱོགས་སུ་སྒྱུར་བར་སྐུལ་འདེད་མགྱོགས་པོ་གཏོང་དགོས། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། གོང་འོག་མཉམ་འགུལ་དང་འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉེན་ཟོན་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། “ཁྲིམས་མེད་ལུགས་མེད་ལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག”གི་ལས་དོན་ལ་དམ་འཛིན་ནན་པོ། ངོ་བོའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།