དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-24

    ཟླ་8ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་མགྲིན་གཅིག་ཏུ་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། བློ་མཐུན་ཅང་ཙེ་མིན་གྱིས་འཐབ་འཛིང་གནང་བའི་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོར་བརྩེ་དུང་ཟབ་མོས་ཕྱིར་དྲན་དང་། བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ཀྱི་ཆེད་དུ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱི་ལོ་རྒྱུས་ཀྱི་གནས་བབ་དང་མཛུབ་ཁྲིད་ཀྱི་དོན་སྙིང་ལ་རྒྱས་བཤད་གཏིང་ཟབ་བཅས་གནང་སྟེ། བློ་མཐུན་ཅང་ཙེ་མིན་གྱི་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བས་བློ་བརྟན་འགྱུར་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས།

    རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་ལག་ལེན་བསྟར་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས།

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས། སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ། ཚན་རིག་དང་མཐུན་ལ་གནད་སྨིན་ཡོང་བ་མཐའ་འཁྱོངས། སྤྱི་འདོམས་ཇུས་འགོད་ལ་ཤུགས་སྣོན། སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བཅས་བྱས་ནས་སློབ་སྦྱོང་སློབ་གསོར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཚད་གཞི་དམའ་རུ་མི་གཏོང་བ་དང་། ཤུགས་ཚད་ཆུང་དུ་མི་གཏོང་བ། ངར་ཤུགས་ལ་ལྷོད་གཡེང་མི་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་དང་། བཤེར་འདོན་དངོས་འབྲེལ། དག་ཐེར་ཏན་ཏིག་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས། ཐོག་མཐའ་བར་གསུམ་དུ་ལས་དོན་ཁག་གཟབ་ནན་ངང་ཡག་པོ་སྒྲུབ་དགོས། ཚང་བཤེར་ཆད་གསབ་ལ་དམ་འཛིན་ཡག་པོ་བྱས་ནས། སློབ་སྦྱོང་སློབ་གསོའི་ལས་འགན་ཁག་རེ་རེ་བཞིན་ལ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ཏེ་རྒྱུན་མཐུད་རྗེས་སྙེག་ལ་སྐུལ་འདེད་དང་ཞན་ཆ་སེལ་དགོས། གནད་དོན་ལ་དམ་པོར་དམིགས་ནས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་དག་ཐེར་བཅོས་སྒྲིག་གི་རྩིས་ཐོ་བཟོས་ནས་དག་ཐེར་མཐར་ཕྱིན་དང་། དག་ཐེར་གནད་སྨིན། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞན་སྒྱུར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། མིག་སྔར་དག་ཐེར་དང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། སློབ་སྦྱོང་སློབ་གསོའི་ཁྲོད་ཀྱི་བྱེད་ཐབས་ནུས་ལྡན་དང་གནད་སྨིན་འཐུས་ཚང་གི་ཉམས་མྱོང་དག་ལམ་ལུགས་ཚད་ལྡན་དུ་བསྒྱུར་ནས། སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས། རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས། དངོས་སྒྲུབ་ཐེག་འཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་བཙུགས་ནས། འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་པ། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ། ལས་སྒྲུབ་ལས་གཏོད་ཧུར་ཐག་བཅས་བྱེད་དགོས། སྙིང་རུས་བརྟན་འཁྱོངས་མཐའ་འཁྱོངས་ཀྱིས་དམ་པ་དོན་གཉེར་གྱི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་། ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱེད་དགོས། དམངས་ཆེད་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་བཙུགས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།