དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-22

    ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལོ་སྨད་ཀྱི་དཔལ་འབྱོར་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་དང་ཏན་ཏིག་བྱ་རྒྱུར་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་རྒྱལ་ཡོངས་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ། དུས་ཐུང་འགག་སྒྲོལ་དང་། དུས་འབྲིང་བཀོད་སྒྲིག ཡུན་རིང་འཕེལ་རྒྱས་བཅས་ལ་སྤྱི་འདོམས་བྱེད་པ། འདི་ལོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་སང་ལོའི་དུས་ཚིགས་དང་པོར“འགོ་ཚུགས་བཀྲ་ཤིས་ཡོང་བར”བསམ་གཞིག་བཅས་བྱས་ཏེ། གོང་འོག་བློ་སེམས་གཅིག་མཐུན་དང་ཕན་ཚུན་མཉམ་འགུལ་གྱིས་དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་འབོར་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱེད་པ་དང་། དུས་ཚིགས་གསུམ་པའི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་དང་དུས་ཚིགས་བཞི་པའི་ཐག་གཅོད་དམག་འཐབ་ཀྱི་འགག་སྒྲོལ་དུས་སྐབས་ལ་དམ་འཛིན་ཏན་ཏིག དཔལ་འབྱོར་འཁོར་རྒྱུག་གི་གནད་སྨིན་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་མ་འཇོག་བརྟན་པོ་དང་ནང་མཁོ་རྒྱ་ཆེར་གཏོང་བ། དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་ཐོག་ནས་དཔལ་འབྱོར་གཞོང་ཆེན་བརྟན་པོ་ཡོང་བ་བཅས་བྱས་ནས“ཡར་རྒྱས”གཏོང་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ“ཡར་རྒྱས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། “དྲ་བ་དྲུག”སྐྲུན་པ་དེས་མ་འཇོག་བརྟན་པོ་དང་ནང་མཁོ་རྒྱ་ཆེར་གཏོང་ཐུབ་པ་མ་ཟད། སྒུལ་ནུས་ཆེ་རུ་དང་། ཕན་འབྲས་ཆེ་རུ། དམངས་འཚོར་ཕན་འདོགས་པ། བདེ་འཇགས་འགན་ལེན་བཅས་ཀྱང་ཐུབ་པས། དེ་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་རེད། ཁྱོན་ཡོངས་ལ་དམིགས་པ་དང་། བསམ་ཕྱོགས་གསལ་པོར་བཟོ་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། ནུས་ཤུགས་ཡོད་རྒུས་ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་ཆེ་རུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོང་རིམ་དང་འབྲེལ་མཐུད་ཧུར་ཐག་བྱེད་པ། ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་། དེ་བཞིན་ཆེད་དོན་འཆར་འགོད་ཁག་ལ་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱེད་པ། གསོག་ཚད་དང་འཕར་ཚད་དང་། མིག་སྔ་དང་ཕུགས། “ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་དོན་འཁྱོལ་དང“དྲ་བ་དྲུག”འཛུགས་སྐྲུན་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། མ་དངུལ་འགན་ལེན་དང་། མཐུན་སྦྱོར་མཉམ་འགུལ། བདེ་འཇགས་འཕེལ་རྒྱས་བཅས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ། ལས་གྲྭའི་སྤུས་ཚད་ཐད་ཀྱི་ཚེ་གང་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། “དྲ་བ་དྲུག”སྐྲུན་རྒྱུ་དེ་སྦྲེལ་ཚིགས་གཞིར་བཟུང་སྐུལ་འདེད་དང་། དམིགས་ཚད་གཞིར་བཟུང་དོན་འཁྱོལ། སྔོན་དཔག་གཞིར་བཟུང་ཕན་འབྲས་ཐོན་པ་བཅས་ལ་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལོ་འཁོར་གྱི་སྲིད་འཛིན་ཐབས་ཇུས་དོན་ཚན་གལ་ཆེན་གྱི་དཀར་ཆག་བཟོ་རྒྱུ་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་དང་སྲིད་གཞུང་གི་དབང་ཆ་ཚད་ལྡན་སྤྱོད་པའི་འགག་རྩའི་ལམ་ལུགས་ཀྱི་དམ་འཛིན་བྱ་གཞི་ཞིག་རེད། དེས་ན་མང་ཚོགས་ཐེ་ཞུགས་དང་། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ། ཉེན་ཁར་ཚོད་སྐོར། ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར། མཉམ་སྡེབ་ཀྱིས་གྲོས་བསྡུར་ཐག་གཅོད་སོགས་ཀྱི་ཁྲིམས་གཏན་འཁེལ་བའི་གོ་རིམ་ལག་བསྟར་ནན་ཏན་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ནས། སྲིད་གཞུང་གི་ཐབས་ཇུས་ཚན་རིག་ཅན་དང་། དམངས་གཙོ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་མཐུད་གཏོང་དགོས།

    ཚོགས་འདུའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆཌ་སྲུང་སྐྱོབ་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས(བཟོ་བཅོས་འཆར་ཟིན)》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་པར་གཞི་རྩའི་ཆ་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་ཏུ་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།