རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་ཆེད་དོན་འཆད་ཁྲིད་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་ཆེད་དོན་འཆད་ཁྲིད་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལུའེ་ཀྲུང་མེ་ཡིས་གདན་ཞུས་ལྟར་ཆེད་དོན་ཟུར་ཁྲིད་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་གཙོ་སྐྱོང་གནང་བ་དང་། ཀྲང་ཧུང་པོ་དང་། ཐང་མིང་དབྱིན། ལིའུ་པོ་ཁྲེང་བཅས་ཞུགས་པ་རེད།
འཆད་ཁྲིད་བྱེད་རིང་། ལུའེ་ཀྲུང་མེ་ཡིས་ཁྲིམས་གཞུང་གི་དོན་སྙིང་གལ་ཆེན་དང་། ལྟེ་བའི་ནང་དོན། ལམ་ལུགས་ཀྱི་སྒྲོམ་གཞི། ལག་ལེན་གྱི་གཙོ་གནད་བཅས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་རེད། ཚོགས་འདུར་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་དང་སྲིད་གཞུང་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ“དོན་ཆེན་བཞིར”དམིགས་པ་དང“འཛུཌ་གཏོད་བཞིར”ཤུགས་རྒྱག་པའི་འགན་སྒྲུབ་ལག་ལེན་དང་ཟུང་འབྲེལ་གྱིས་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཁྲིམས་གཞུང་གི་ཁྲིམས་ལུགས་ཀྱི་དོན་སྙིང་དང་འཐབ་ཇུས་ཀྱི་བསམ་གཞིག་ཁོང་དུ་ཡང་དག་ཆུད་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ཁྲིམས་འཛུགས་ལ་བརྟེན་ནས་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་དང་། ལྟ་སྐུལ་ལ་བརྟེན་ནས་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། འཐུས་མིའི་འགན་སྒྲུབ་ལ་བརྟེན་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།