《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོཌ་པ།
ཉེ་ཆར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་གྱིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་པའེ་ཁྲེང་དང་ལི་ཝུན་ཀེ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་ནན་བཤད་བྱས་དོན། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དྲིལ་བསྒྲགས་དང་། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱེད་པའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བ་ཞིག་ཡོད། དེས་ན། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་གཞུང་ལག་བསྟར་གྱི་དུས་རབས་ཀྱི་རིན་ཐང་གལ་ཆེན་ཁོང་དུ་གནད་སྨིན་ཆུད་པར་བྱེད་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་མཉམ་འདྲེས་ལ་སྣང་ཆེན་བྱས་ཏེ་ཕྱོགས་ཡོངས་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། བརྒྱུད་རིམ་ལྡན་པའི་སྒོ་ནས་དཔེ་བསྡུར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་དང་འཚམ་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་ཁྲིམས་གཞུང་ལག་ལེན་བསྟར་བའི་ལག་ལེན་གྱི་རྨང་གཞི་བརྟན་དུ་བཏང་སྟེ། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ཁྲིམས་གཞུང་དེ་ཉིད་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།