དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”སྐོར་གྱི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-14

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད། མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ”ཞེས་པའི་བརྗོད་དོན་གཙོ་བོ་རབ་དང་རིམ་པའི་ཚོགས་འདུ་ཐེངས་གསུམ་པ་དང་2025ལོའི་ལྗོངས་ཡོངས་ཀྱི་སྤྱི་བདེའི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་འཐུས་མིའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ་རེད། བསོད་ནམས་བཀྲ་ཤིས་དང་། ཀྲའོ་དབྱང་། དབྱང་ཅང་ཧྲན། ཧྥེང་ཞང་ཡུས་བཅས་མི་དམངས་ཉེན་རྟོག་པའི་འཐུས་མི་4ས་ཡུལ་དངོས་སུ་ཡོང་སྟེ་ངོ་མཚར་གཏམ་རྒྱུད་ལ་བརྟེན་ནས་གཞི་རིམ་མི་དམངས་ཉེན་རྟོག་པའི་བརྟན་སྲུང་དང་འགན་འཁྲི་འཁུར་སེམས་གླེང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུའི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་ཐིང་གིས་མཉམ་འབྲེལ་ཐོག་དཔྱད་འདེམས་བྱེད་སྒོ་སྤེལ་ནས་རིམ་པ་བཞིན་འོས་སྦྱོར་དང་། རིམ་པ་བཞིན་འདེམས་སྒྲུག དཔྱད་ཞིབ་ནན་པོ་བཅས་བྱས་པ་བརྒྱུད་བསོད་ནམས་བཀྲ་ཤིས་དང་ཀྲའོ་དབྱང་སོགས་འཐབ་ས་དང་པོའི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་10ལ་2025ལོ་འཁོར་གྱི་ལྗོངས་ཡོངས་ཀྱི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    དེ་རྗེས་མི་དམངས་ཉེན་རྟོག་པ་4ཡིས་བབ་ཆགས་ཤོས་ཀྱི་སྐད་ཆའི་ཐོག་ནས་གངས་ལྗོངས་ས་མཐོའི་གཏམ་རྒྱུད་ངོ་མ་བརྗོད་དེ་དུས་རབས་གསར་པའི་བོད་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ཐོག་མའི་བསམ་འདུན་དང་རང་གཤིས་གསལ་འགྲེལ་བྱས་པ་རེད། ཁོང་ཚོ་ནི་ལྗོངས་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་ཕུལ་བྱུང་འཐུས་མི་རེད་ལ་སྤྱི་ཚོགས་ཡོངས་ཀྱིས་སློབ་སྦྱོང་བྱེད་འོས་པའི་མིག་དཔེ་དེ་བས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།