ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རྩིས་བཤེར་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རྩིས་བཤེར་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
ཚོཌ་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རྩིས་བཤེར་འཕེལ་རྒྱས་འཆར་འགོད་ལ་གྲོས་ཞིབ་བྱས་པ། རྩིས་བཤེར་གྱི་འབྲེལ་ཡོད་ལས་དོན་གནས་ཚུལ་གྱི་སྙན་སེང་ཉན་པ། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་རྩིས་བཤེར་ལས་དོན་ལ་དམིགས་ཏེ། མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོས་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“དོན་ཆེན་བཞིར”དམིགས་ནས་རྩིས་བཤེར་དང་རྩིས་བཤེར་ནན་པོ་བྱེད་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། གནད་དོན་གསལ་སྟོན་བྱེད་པར་གནད་སྨིན་ནུས་ལྡན་དང་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། སྲིད་ཇུས་གལ་ཆེན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། རུལ་རྒོལ་ཟིང་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་རྒྱུན་མཐུད་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྐྲུན་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། བརྟན་ལྷིང་དང་འབྲེལ་བའི་རྣམ་གྲངས་དང་། “གསར་པ་གཉིས”དང་། “གལ་ཆེན་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མ་དངུལ་བེད་སྤྱོད་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རྩིས་བཤེར་ལྟ་སྐུལ་དེ་ཉིད་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་དུ་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་དམངས་འཚོའི་མ་དངུལ་བགོ་བཤའ་རྒྱག་པ་དང་བེད་སྤྱོད་གཏོང་བའི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། རྩིས་བཤེར་ལྟ་སྐུལ་ཏན་ཏིག་སྤེལ་བ། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཏང་གི་རང་ངོས་གསར་བརྗེའི་གཙོ་གནད་དེ་དབང་ཆ་བཅོས་སྐྱོང་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས། མ་དངུལ་དང་རྣམ་གྲངས་ལ་གཞིགས་ཏེ་སྤྱི་དོན་དབང་ཆའི་འཁོར་སྐྱོད་ལ་ལྟ་སྐུལ་བྱེད་པ་དང་། གཏོང་མཁས་སྤྱོད་མཁས་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། རྒྱ་ཆེའི་ལས་བྱེད་པས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། དྲང་གཞག་ངང་དབང་ཆ་སྤྱོད་པ། སྤྱོད་གཙང་གིས་དབང་ཆ་སྤྱོད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། “དབྱེ་བ་འབྱེད་པ་གསུམ”གྱི་བླང་བྱ་དོན་འཁྱོལ་དང་། རྩིས་བཤེར་ལས་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཕྱོགས་ཡོངས་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ། ལས་བྱེད་པས་ལས་སྒྲུབ་ལས་གཏོད་ལ་སྐུལ་མ་གཏོང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་བྱེད་པ། རྩིས་བཤེར་དག་ཐེར་གྱི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ། རྩིས་བཤེར་དག་ཐེར་གྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། “གནད་དོན་གཅིག་ཐག་གཅོད”ནས“གནད་དོན་རིགས་གཅིག་ཐག་གཅོད”བར་སྣུར་སྲིང་དངོས་འབྲེལ་ཐུབ་པ་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་གནད་དོན་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྩིས་བཤེར་ལས་དོན་གྱི་སྲོག་རྩ་ནན་པོ་སྲུང་བ་དང་། ཁྲིམས་བཞིན་རྩིས་བཤེར་བྱ་རྒྱུ་མཐའ་འཁྱོངས། ཚན་རྩལ་ལ་བརྟེན་ནས་འཐབ་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། རྩིས་བཤེར་གྱི་སྤུས་ཚད་འགག་སྒོ་ནན་པོ་སྲུང་བ། རྩིས་བཤེར་ལྟ་སྐུལ་གྱི་གོ་ཆོད་རང་བཞིན་དང་གཏིང་ཟབ་ཚད་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། གནད་དོན་གསལ་སྟོན་གནད་སྨིན་ཐུབ་པ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རྩིས་བཤེར་ནན་སྐྱོང་བྱེད་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ་བྱས་ནས། རྩིས་བཤེར་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་གཏོང་དགོས། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང། ཆབ་སྲིད་ཀྱི་མིག་རྒྱང་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།