ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དུས་ཚིཌ་དང་པོ་ནས་གསུམ་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུ་ལྷ་སར་འཚོགས་པ།
ཚེས་11ཉིན་གྱི་ཕྱི་དྲོར། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དུས་ཚིགས་དང་པོ་ནས་གསུམ་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་རིམ་པའི་དུས་ཚིགས་དང་པོ་ནས་གསུམ་པའི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ལོ་སྟོད་ཀྱི་ལས་ཀར་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱེད་པ་བཅས་བྱས་པ་མ་ཟད། ཚན་པ་ལྔས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། བྱ་ཐབས་ནུས་ལྡན་ལ་བརྟེན་ནས་གཞི་རིམ་གྱི་དཀའ་གནད་སེལ་བ། ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་འགན་ལ་དམིགས་ནས་འཕྲལ་བདེ་འཕྲལ་ཕན་དང་རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པ་སོགས་ཀྱི་གནད་དོན་དང་། བསྡོམས་རྩིས་རྫུན་བཟོ་སོགས་མི་བདེན་རྫུན་སྒྲིག་གི་བྱེད་སྤྱོད། གཞི་རིམ་ནས་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན། མངོན་མེད་ཁུར་པོ་དང་། ལྟ་སྐུལ་ཞིབ་བཤེར་དང་། དཔྱད་ཞིབ། རྟོག་ཞིབ་བཅས་བྱེད་རིང་གི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན། ཡིག་ཆ་བཀྲམ་ནས་ཚོགས་འདུ་འཚོགས་པ་དང་དུས་སྟོན་འགྲེམས་ཚོགས་ཀྱི་གླེང་སྟེགས་བྱེད་སྒོ་ཚད་ལྡན་མེད་པའི་གནད་དོན་བཅས་རྒྱུན་མཐུད་ཡོ་བསྲང་བྱེད་དགོས། འགན་འཁྲི་ནན་དུ་བཏང་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དེ་ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། གོང་དཔེ་འོག་སྟོན་གྱི་ནུས་པ་འདོན་སྤེལ་མཐའ་འཁྱོངས། ལམ་ལུགས་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། བླང་བྱ་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བཅས་བྱས་ཏེ་ཕན་འབྲས་ཏན་ཏིག་གི་སྒོ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།