ཞུས་ཀྲི་ཝུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2026ལོའི་པུའུ་དོན་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་བ།
ཚེས་7ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2026ལོའི་པུའུ་དོན་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་ལ་ཞིབ་འཇུག་བཅས་བྱས་པ་རེད།
ཚོགས་འདུར་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབ་པར་ལྟ་མཁན་དང་ཉན་མཁན་གྱི་སྟོན་ཕྱོགས་བཙུགས་ནས། ཞབས་ཞུའི་ཚོགས་སྤྱིའི་ཁྱད་ཆོས་དང་དགོས་མཁོར་བརྡར་ཤ་གནད་སྨིན་གཅོད་དགོས་པ་དང་། རྩེ་གྲའི་སྟོན་ཕྱོགས་བཙུགས་ནས་ཤུགས་རྐྱེན་ལྡན་པའི་རིག་གནས་བརྩམས་ཆོས་དེ་བས་མང་བ་གཏོད་དགོས་པ། དངོས་སྒྲུབ་ཀྱི་སྟོན་ཕྱོགས་བཙུགས་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་དགོས་པ། གྲངས་རིག་གི་སྟོན་ཕྱོགས་བཙུགས་ནས་ལས་དོན་གྱི་འདུ་ཤེས་དང་། བྱ་ཐབས། གཞི་རྟེན་བཅས་གསར་གཏོད་བྱས་ཏེ། གྲངས་འཛིན་ཅན་ལ་བརྟེན་ནས་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་ལ་མཐུན་རྐྱེན་སྦྱོར་དགོས། ལས་ཀའི་ཁ་ཕྱོགས་ཁ་གསལ་དང་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བརྒྱུད་སྤེལ་དང་། མང་ཚོགས་ཀྱི་བསམ་བློ་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོ། གཙོ་རྒྱུན་གླེང་ཕྱོགས་སྲ་བརྟན་སྟོབས་ཆེ། རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་གཏོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། བསམ་པའི་དཔལ་ཡོན་འཛུགས་གཏོད། བོད་ལྗོངས་རྒྱལ་སྤྱིར་ཁྱབ་སྤེལ་སོགས་གཙོ་གནད་ལས་དོན་ཁག་8ལ་དམ་འཛིན་ཏན་ཏིག་གིས་གྲུབ་འབྲས་དངོས་ལ་བརྟེན་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་བརྟག་བཤེར་བྱས་ཏེ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།