དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”འགོ་ཚུགས་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-10

     ཞོགས་པའི་ཉི་འོད་སྣེའུ་ཁུལ་གསར་གྱི་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་འཕྲོ་སྐབས་མཚེའུའི་འགྲམ་གྱི་རྐང་ཐང་ལམ་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། ལུས་སྦྱོང་ལ་དགའ་བའི་མི་300ཡིས་མཉམ་དུ་རྐང་ཐང་དུ་སྐྱོད་འགོ་ཚུགས་ཤིང་། དགའ་སྤྲོའི་སྐད་སྒྲ་དང་དགོད་སྒྲ་མཚེའུའི་འགྲམ་ནས་ཡང་ཡང་དུ་གྲགས་འོངས། དེ་ཡང་ཚེས་8ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི“དམངས་ཡོངས་ལུས་སྦྱོང་ཉིན་མོའི”འགོ་ཚུགས་མཛད་སྒོ་དང་རྐང་ཐང་དུ་སྐྱོད་པའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་དང་རང་སྐྱོང་ལྗོངས་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་མི་རིགས་མཐུན་སྒྲིལ་གྱི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། རྐང་ཐང་དུ་སྐྱོད་པ་གཞི་རྟེན་དུ་བྱེད་པ། ལུས་རྩལ་དང་། རིག་གནས། ཡུལ་སྐོར། ཚོང་དོན། དུས་བདེ་བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ལུས་སྦྱོང་ཤེས་བྱ་ཁྱབ་གདལ་གཏོང་བ། མང་ཚོགས་ལ་རྒྱུན་དུ་ནས་ལུས་རྩལ་དང་བདེ་ཐང་གི་འཚོ་བ་སྐྱེལ་བའི་འདུ་ཤེས་འཇགས་པར་ཁྲིད་སྟོན་བཅས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།