ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞིང་ལས་དང་གྲོང་གསེབ་ཀྱི་གཙོ་གནད་ལས་དོན་སྐོར་ལ་ཆེད་དོན་ཞིབ་འཇུག་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞིང་ལས་དང་གྲོང་གསེབ་ཀྱི་གཙོ་གནད་ལས་དོན་སྐོར་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། “ཞིང་གསུམ”ལས་དོན་གྱི“གལ་ཆེའི་ནང་གི་འགངས་ཆེའི”འཐབ་ཇུས་ངེས་གནས་ལ་གོ་བ་གཏིང་ཟབ་ལེན་པ་དང་། “ཞིང་གསུམ”ལས་དོན་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པའི་ནང་དོན་གཏིང་ཟབ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། “ཞིང་གསུམ”ལས་དོན་གྱི“བྱས་ན་བྱེད་གཞི་ཆེ་བའི”ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ་བཅས་བྱས་ནས། ཆོད་སེམས་དེ་བས་ཆེ་བ་དང་། དམིགས་ཚད་དེ་བས་ཁ་གསལ་བ། བྱ་ཐབས་དེ་བས་ནུས་ལྡན་བཅས་ཀྱི་སྒོ་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་བོད་དུ་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། གོ་སྐབས་དམ་འཛིན་དང་། སྙིང་རུས་གཏན་འཁྱོངས་ཀྱི་ངེས་ཤུགས་ལ་བརྟེན་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པར་བྱེད་པ་དང་། གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ། རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་བ། མཐུན་སྦྱོར་སྦྲེལ་མཐུད་ལ་དམ་འཛིན་ཡག་པོ་བྱེད་པ། གཞན་སྒྱུར་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། སྲིད་ཇུས་ཀྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བར་བྱེད་དགོས། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ལ་དམིགས་ཏེ། ཕྱོགས་ཡོངས་ནས་གྲལ་བཤེར་གཏིང་ཟབ་དང་། ཚན་རིག་དང་མཐུན་པའི་གནད་སྨིན་རོགས་སྐྱོར། གཞི་རྩའི་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྨང་གཞིའི་ཐོག་གསར་སྤེལ་རྣམ་པའི་རོགས་སྐྱོར་ལ་དམ་འཛིན་ཡག་པོ་བྱས་ཏེ། ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་ཕོངས་ཆགས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྟོབས་ཆེར་དང་ལེགས་སུ་གཏོང་རྒྱུར་དམིགས་ནས། “ཐོན་ཚད་དང་། སྤུས་ཚད། འཚོ་བཅུད”བཅས་ཕྱོགས་གསུམ་གཞི་གཅིག་གི་ཞིང་འབྲོག་ཐོན་རྫས་སྤུས་འབྲས་ལེགས་གཉེར་ཡོང་བའི་བླང་བྱར་དམིགས་ཏེ། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་སྤེལ་བ་བརྒྱུད། “བོད་ལྗོངས་མིང་ཅན”གྱི་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཕྱིར་གཏོང་ཐུབ་པ་བྱེད་དགོས། ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། སྔོན་ཐོན་ལག་རྩལ་སྤྱོད་པ་དང་། ཞིང་ཆུ་སྤྱོད་པ་སོགས་ཀྱི་ཟད་གྲོན་ཉུང་དུ་གཏོང་བ། ཐོན་ཁུལ་གྱི་ཁོར་ཡུག་གཙང་བཟོ་བཅས་བྱས་ཏེ། ས་མཐོའི་སྐྱེ་དངོས་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་དང་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་དང་། ལས་འཚམ། མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས། སྤྱི་འདོམས་འཆར་འགོད་བྱེད་པར་སྔར་བས་དོ་སྣང་དང་། ཉེ་རིང་ཟུང་འབྲེལ་དང་གནས་ཁྱོན་གཉིས་ཀར་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས། དགོས་མཁོ་དང་ནུས་པས་ལྕོགས་ཚོད་ལ་གཞི་ཚུགས་པ། མུ་མཐུད་འབད་འབུངས། རྒྱུན་མཐུད་ཤུགས་འདོན་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ལྟེ་བའི་ལས་འགན་ལ་དམ་འཛིན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཚོར་འབབ་འཕར་ཡོང་བའི“བྱ་སྤྱོད་ཆེན་པོ་བདུན”དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་ནས། ལོ་ཧྲིལ་པོའི་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་འགན་འཁྲིའི་འབྲེལ་ཐག་དེ་གོང་འོག་ཚང་མར་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་སྡེ་ཚན་དབར་མཉམ་འགུལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་ཀྱི་ཕན་འབྲས་དེ་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་ཐོག་མངོན་ཐུབ་པར་བྱེད་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་ལག་ལེན་དང་། ལོ་རྒྱུས། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་ཚད་ལོན་གྱི་རྒྱུགས་ལན་ཞིག་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།