དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོར་ཞུགས་ནས་འདེམས་ཤོག་འཕངས་པ།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཀྱིས་རང་སོ་སོའི་འདེམས་ཁུལ་དུ་འདེམས་ཤོག་འཕངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-08

    ཟླ་8ཚེས་6ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོ་དངོས་སུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རི་སྡེ་ཁུལ་འདེམས་ཁུལ་གྱི་རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས་སྒོ་ར་ཆེན་མོའི་འདེམས་ཤོག་འཕེན་ཡུལ་དུ་འདེམས་ཤོག་འཕངས་ཏེ་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་གནང་བ།

     ཟླ་8ཚེས་6ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོ་དངོས་སུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རི་སྡེ་ཁུལ་འདེམས་ཁུལ་གྱི་རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས་སྒོ་ར་ཆེན་མོའི་འདེམས་ཤོག་འཕེན་ཡུལ་དུ་འདེམས་ཤོག་འཕངས་ཏེ། ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་པ་རེད།

    རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས་སྒོ་ར་ཆེན་མོའི་འདེམས་ཤོག་འཕེན་ཡུལ་དུ་སྐར་ལྔའི་དར་དམར་བཀྲག་མདངས་རབ་ཏུ་འཚེར་ཞིང་། རྒྱལ་རྟགས་འཁོད་པའི་འདེམས་སྒམ་དམར་པོ་དཀྱིལ་དབུས་སུ་བཞག་ཡོད། འདེམས་ཤོག་འཕེན་པའི་ལས་དོན་ཚད་ལྡན་གོ་རིམ་ལྡན་པ་དང་འདེམས་ཤོག་འཕེན་ཡུལ་གྱི་རྣམ་པ་བརྗིད་ཉམས་དོད་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད། ཝང་ཅུན་ཀྲེང་གིས་འདེམས་བསྐོའི་འབྲེལ་ཡོད་དོན་ཚན་གྱི་གསལ་བཤད་ནན་ཏན་གསན་རྗེས་འདེམས་དམངས་ལག་ཁྱེར་ལས་དོན་མི་སྣར་སྤྲད་ནས་ཞིབ་བཤེར་བྱེད་དུ་བཅུག དེ་ནས་འདེམས་ཤོག་གཅིག་བླངས་ཏེ་ནན་ཏན་ངང་བྲིས་རྗེས་འདེམས་སྒམ་མདུན་དུ་ཕེབས་ཏེ། གཟབ་ནན་ཆེན་པོས་རང་ཉིད་ཀྱི་འདེམས་ཤོག་འཕངས་པ་རེད།

    འདེམས་ཤོག་འཕངས་རྗེས། ཝང་ཅུན་ཀྲེང་གིས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ཞིང་། འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཁྲིམས་ལྟར་སྤྱོད་པ་ནི་མི་དམངས་རང་ཐག་རང་གཅོད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ཏེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཁྲིམས་བཞིན་ལས་དོན་ནན་པོ་སྒྲུབ་པ། སྐབས་བརྗེའི་སྒྲིག་ཁྲིམས་སྔོན་ལ་འཇོག་པ། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འདེམས་བསྐོའི་ལས་དོན་སྤྱོད་བཟང་གཞུང་དྲང་ཡོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་འཐུས་མི་འདེམས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཚེ་རིང་ཐར། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་། ཞུས་ཀྲི་ཝུན་བཅས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གཞན་དག་གིས་ཀྱང་རང་སོ་སོའི་འདེམས་ཁུལ་དུ་འདེམས་ཤོག་འཕངས་པའམ་ཡང་ན་མི་གཞན་ལ་མངགས་ནས་འདེམས་ཤོག་འཕངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེའི་འདེམས་བསྐོར་འདེམས་ཁུལ་ཁྱོན་81ཡོད་པ་དང་། སྐབས་གསར་པའི་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་184ཐོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།