དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་ཧང་ཀྲང་ལིའུ་ཅུན་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་བཟོ་ཚོང་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧང་ཀྲང་ལིའུ་ཅུན་བཅས་པ་དང་བཞུགས་མོལ་གནང་བ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་བཟོ་ཚོང་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧང་ཀྲང་ལིའུ་ཅུན་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལིའུ་ཅུན་དང་བཅས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཝང་ཅུན་ཀྲེང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱས་པར་བརྟེན་དཔལ་འབྱོར་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོས་པ། དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། སྤྱི་ཚོགས་ཡོངས་སུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། བོད་ཀྱིས་དངུལ་རྩའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་དངུལ་རྩའི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་འཆར་འགོད་ནུས་ལྡན་དང་། དངུལ་རྩའི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་བ། དངུལ་རྩའི་སྒྱུར་བཅོས་གསར་གཏོད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དངུལ་རྩའི་ལས་རིགས་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོན་པར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། མིག་སྔར་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྐྲུན་བཞིན་ཡོད། ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་སྔར་རྒྱུན་བཞིན་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱི་ལེགས་ཆ་དང་དམིགས་བསལ་གྱི་ལེགས་ཆ་གང་ལེགས་བཏོན་ནས་རིམ་པ་མང་བ་དང་ཕྱོགས་ཡོངས་ཀྱི་དངུལ་རྩའི་མཉམ་ལས་ཧུར་ཐག་བྱས་ཏེ་ལས་གྲྭའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོའི་ནང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་རོགས་རམ་དེ་བས་མང་བ་བྱས་ནས་དངུལ་རྩའི་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཏེ། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལིའུ་ཅུན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་འབྲེལ། ཁེ་ལས་ཀྱིས་བོད་དུ་ལས་སྒོ་སྤེལ་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་ཞིང་། ཁོང་གིས། ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་མ་དངུལ་དང་། གསར་གཏོད། ཚན་རྩལ། རྒྱལ་སྤྱི་ཅན་སོགས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་བོད་ཀྱི་དགོས་མཁོ་དང་བཟོ་ཚོང་དངུལ་ཁང་གི་ལེགས་ཆར་དམིགས་ནས། རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཀུན་ཕན་དངུལ་རྩའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ཁེ་ལས་དང་རྣམ་གྲངས་ཁག་ལ་སྤུས་ལེགས་ནུས་ཆེའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་གྱིས་དངོས་ཚན་དཔལ་འབྱོར་སྲ་བརྟན་དང་སྟོབས་ཆེར་གཏོང་རོགས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།