དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་2026ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    ཚེས་5ཉིན། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་2026ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བརྙན་ལམ་ཚོགས་འདུའི་རྣམ་པ་ནས་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ཡིག་འབུལ་ཞུ་བཅར་གྱི་དུས་བབ་ལ་དབྱེ་ཞིབ་དང་། ལོ་སྨད་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཀུང་ཧུའེ་ཚའེ་ཡིས་གཙོ་སྐྱོང་གནང་བ་དང་། ཀྲུའུ་ཧྲོའུ་ཁོའོ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་གནས་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་ཡིག་འབུལ་ཞུ་བཅར་ཁོངས་གཏོགས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པས། ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་དུས་བབ་སྤྱིར་ན་བརྟན་པོ་བྱུང་བ་དང་ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཡིག་འབུལ་ཞུ་བཅར་གྱི་གནད་དོན་གཅིག་སྡུད་ཐོག་སེལ་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་དམ་འཛིན་བྱ་གཞིར་བྱས་ཏེ། རང་ལྗོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འབྱུང་རྩ་ནས་སྔོན་འགོག་དང་། ཕྱོགས་བསྡུས་ཇུས་བསྟར། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་ངལ་རྩོལ་གླ་ཆའི་རྩོད་གཞི་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་ནུས་ཡག་པོ་འདོན་པ་བཅས་བྱས་ཏེ“འགྱངས་ཆད་གཉིས”ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཁྲིམས་ལྟར་ཚད་ལྡན་སྒྲུབ་པ་དང་། སྔོན་ལ་འདུམ་འགྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཏུག་བཤེར་དང་ཞུ་བཅར་ལོགས་སུ་དབྱེ་རྒྱུར་སྐུལ་འདེད་གཏོང་བ། བསྐྱར་ཞིབ་དང་བསྐྱར་དཔྱད་ཀྱི་ལས་དོན་ཞིབ་ཚགས་སྒྲུབ་པ། རྗེས་སྙེགས་སྒྲུབ་སྐུལ་དང་དུས་བཀག་ནང་འཚམས་ལན་སྤྲོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་ལམ་བུར་ཡིག་འབུལ་ཞུ་བཅར་གྱི་དོན་གནད་དངོས་སུ་སེལ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། “བྱེད་དགོས་རིགས་བཞི་དང་མི་བྱེད་པ་བཞིའི”གནད་དོན་ལ་མཐའ་གཅིག་ཏུ་ཡོ་བཅོས་དང་། “གྲོས་འགོ་གསུམ”གྱི་འགན་འཁྲི་ལག་བསྟར་ནན་ཏན། རེ་ཞུའི་ཐབས་ལམ་གསལ་བཟོ་བཅས་བྱས་ནས་རྒྱུན་གཏན་གྱི་ཡིག་འབུལ་ཞུ་བཅར་སྒྲིག་ལམ་སྲུང་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་གོང་འོག་འབྲེལ་མཐུད་དང་། གཡས་གཡོན་མཉམ་འགུལ། ལས་ཕྱོད་ཆེན་པོས་འཁོར་སྐྱོད་བཅས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་གསོ་སྦྱོང་དང་དྲིལ་བསྒྲགས་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ལ་ལུགས་མཐུན་ཁྲིམས་མཐུན་གྱི་སྒོ་ནས་རེ་ཞུ་འདོན་པ་དང་འགལ་ཟླ་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱེད་དགོས། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་དང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་དྲ་ཐོག་ཡིག་འབུལ་ཞུ་བཅར་དར་སྤེལ་ཤུགས་ཆེན་གཏོང་དགོས། སྤྱོད་ཚུལ་ལེགས་སུ་རྒྱུན་མཐུད་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།