དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་སྐྱོན་བྲལ་ཡར་ཐོན་གྱི་དྲ་རྒྱའི་ཁོར་ཡུག་གཏོད”ཅེས་པའི་ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-06

    ཚེས་4ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། “དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་སྐྱོན་བྲལ་ཡར་ཐོན་གྱི་དྲ་རྒྱའི་ཁོར་ཡུག་གཏོད”ཅེས་པར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཧྲོའུ་ཁོའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས་ཀྱིས་དྭངས་གཙང་སོགས་རིམ་སྤེལ་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། དྲ་རྒྱའི་ཁྱབ་ཁོངས་སུ་ཁྲིམས་འཛུགས་དང་བཅའ་ཁྲིམས་ཁྱབ་གདལ་ལས་དོན་བརྟན་པོ་སྤེལ་བ། དྲ་འབྲེལ་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། དྲ་ཐོག་གི་གཙོ་རྒྱུན་གླེང་ཕྱོགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་པས། རང་ལྗོངས་ཀྱི་དྲ་མིག་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་གྱི་གཞི་རྩའི་སྒྲོམ་གཞི་སྤྱིར་ན་ཆགས་པ་མ་ཟད། དྲ་རྒྱའི་ཁོར་ཡུག་ཀྱང་སྤྱི་ཡོངས་ལེགས་ཕྱོགས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཁྲིམས་ལྟར་དྲ་སྐྱོང་གི་རྩ་བའི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་དྲ་མིག་བཅོས་སྐྱོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་ཁག་གི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དྭངས་གཙང་གི་གངས་ལྗོངས་དྲ་རྒྱའི་བར་མཐོངས་རྒྱུན་མཐུད་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།