དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བབ་བསྟུན་འཕྲལ་སྒྲུབ་ཀྱིས་རྣམ་པ་གསར་པ་གཏོད། འབད་འབུངས་ཡར་བརྩོན་གྱིས་བྱས་རྗེས་གསར་པ་འཇོག

    ——རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    དབྱར་གཞུང་དུ་གངས་ལྗོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ས་མཐོའི་ས་གཞི་ཆེན་པོར་འབད་འབུངས་མདུན་སྐྱོད་བྱེད།

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་འགག་རྩའི་དུས་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་རྒྱལ་ཁའི་ངང་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དཔེ་བསྡུར་བྱེད་པ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བཅས་བྱས་ནས། བསམ་བློ་སྔར་བས་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། འགན་འཁྲི་ནན་དཀྲིས་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཟླ་8ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་ཚང་འཛོམས་གྲོས་ཚོགས་དངོས་སུ་འགོ་ཚུགས་པ་རེད།

    ཚོགས་འདུའི་རིང་ཚོགས་ཞུགས་བློ་མཐུན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་ལས་གནས་དང་འགན་འཁྲིར་གཞི་ཚུགས་ཏེ། སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་དང་། སྤེལ་རེས་དང་བགྲོ་གླེང་གཏིང་ཟབ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ཡོད།

    ཚོགས་ཞུགས་ཨུ་ཡོན་ཚོས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ནི་དར་ཆ་གསལ་སྟོན་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ། དངོས་སྒྲུབ་ནུས་ཆེ་བཅས་ཡིན་པས་དེ་གྲུབ་འབྲས་ལ་ཕྱོགས་སྡོམ་དང་གདེང་ཚོད་འཕེལ་བའི་སྐུལ་སློང་ཚོགས་འདུ་ཞིག་རེད་ལ། འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱི་བཀོད་སྒྲིག་ཚོགས་འདུ་ཞིག་དེ་བས་ཀྱང་རེད། གོམ་སྟབས་རྗེས་མར། སློབ་སྦྱོང་གི་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་དང་ཐེག་པ་ཁུར་ལེན་དང་བྱས་རྗེས་འཇོག་པའི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་གི་བཀོད་སྒྲིག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལ་ཕན་འབྲས་ཐོན་པར་འགན་ལེན་བྱེད་ཀྱི་ཡིན་ཞེས་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    ལོ་སྟོད་ལ་ཕྱིར་མིག་བལྟས་ཚེ། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་མིག་སྔ་དང་ཕུགས་ལ་སྤྱི་འདོམས་བྱས་པས། བྱ་གཞག་ཁག་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

    ཚོགས་ཞུགས་ཨུ་ཡོན་ཚོས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་རྐང་ཁོང་དུ་ནན་པོ་ཆུད་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱེད་པ། རིག་གནས་བོད་སྐྱོང་འདུ་འགོད་གཏིང་ཟབ་ཏུ་རྒྱུན་མཐུད་གཏོང་བ། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་ཕན་ཚུན་དམ་པོར་སྦྲེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་གི་ཡིན་ཞེས་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.3%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.6%དང་8%སོ་སོར་འཕར་བ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ཉིང་ཁྲིའི་འཕེལ་རྒྱས་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས་སྐྱེ་ཁམས་སྔོན་འཇོག་དང་། ལྗང་མདོག་སྣེ་ཁྲིད། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། ཐོན་ལས་མཉམ་འདྲེས་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་བཞིན་ཡོད།

    “གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན”ཞེས་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲི་ཀྲང་དབྱིན་ལི་ཧྥུང་གིས་བཤད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་རེད། ཚང་འཛོམས་གྲོས་ཚོགས་ཐོག་སླར་ཡང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།

    འཆར་གཞི་བཀོད་ཟིན་པས་འགག་རྩ་དོན་འཁྱོལ་ལ་རག་ལས་ཡོད། “གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། གཞི་རིམ་གྱི་འཐབ་ས་དང་པོ་དང་ཞིང་ནང་དང་མུ་ཁར་བསྐྱོད་ནས་སྐད་ཆ་དྲང་པོ་ཉན་པ་དང་། གནས་ཚུལ་དངོས་ལ་རྟོག་ཞིབ་བྱེད་པ། དམངས་ཀྱི་འདོད་བློ་འདྲི་བ་བཅས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཏན་ཏིག་བྱེད་པ་དང་། སེམས་ནུས་ཡོད་རྒུས་གཞི་རིམ་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་གི་ཡིན”ཞེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཨུ་ཡོན་དང་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་རྫོང་དཔོན་གཞོན་པ་གུ་རུས་བཤད།

    ཚོགས་རའི་ཕྱི་ནང་དུ་མཐུན་སྒྲིལ་འབད་འཐབ་དང་དངོས་འཛིན་དངོས་སྒྲུབ་ཀྱི་རྣམ་པ་ཟབ་མོས་ཕྱུག་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲངས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།