ཞུས་ཀྲི་ཝུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2026ལོའི་པུའུ་དོན་ཚོགས་འདུ་ཐེངས་6པ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2026ལོའི་པུའུ་དོན་ཚོགས་འདུ་ཐེངས་6པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་བྱ་ཐབས་ཀྱང་ཞིབ་འཇུག་གནང་བ་རེད།
ཚོགས་འདུར་ནན་བཤད་བྱས་དོན། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་། བོད་གསར་རྙིང་བསྡུར་བ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཞིང་བྲན་གྱི་ལོ་རྒྱུས་སྐོར་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་མང་ཚོགས་ལ་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་འཛུགས་པར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲོག་འགྲེལ་དཔུང་ཁག་སྟོབས་ཆེར་གཏོང་བ། འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་སྒྲོག་འགྲེལ་ལས་ཀའི“མཐའ་མའི་འགག་གནད”སེལ་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་སྐོར་གཟིགས་ལན་སྤྲོད་གནད་དོན་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་གནད་དོན་གྱི་འབྱུང་རྩ་གཏིང་ཟབ་འཚོལ་བ་དང་། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་དག་ཐེར་ལས་འགན་ལེགས་སྒྲུབ་བཅས་བྱས་ཏེ། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།