རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས།
ཏང་དམངས་ཞབས་ཞུའི་ལྟེ་གནས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་དང་ཆུ་ཚད་མཐོ་པོས་གཉེར་སྐྱོང་བྱེད་དགོས་པའི་ཀྲུང་དབྱང་རྩ་འཛུགས་པུའི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས་ཏང་དམངས་ཞབས་ཞུའི་ལྟེ་གནས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་དང་ཆུ་ཚད་མཐོ་པོས་གཉེར་སྐྱོང་བྱེད་དགོས་པའི་ཀྲུང་དབྱང་རྩ་འཛུགས་པུའི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་ཀྱང་ཞིབ་འཇུག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། ཏང་དམངས་ཞབས་ཞུའི་ལྟེ་གནས་ནི་ཏང་གིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཡིན་ལ། ཏང་དང་མང་ཚོགས་ཀྱི་ལས་དོན་སྤེལ་བ་དང་གཞི་རིམ་བཅོས་སྐྱོང་ཟབ་ཏུ་གཏོང་བའི་འཐབ་ས་མདུན་མ་དང་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་དམངས་ཞབས་ཞུའི་ལྟེ་གནས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་དང་ཆུ་ཚད་མཐོ་པོས་གཉེར་སྐྱོང་བྱེད་དགོས་པའི་ཀྲུང་དབྱང་རྩ་འཛུགས་པུའི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་མཐོ་ཚད་ནས་ཏང་དམངས་ཞབས་ཞུའི་ལྟེ་གནས་འཛུགས་སྐྱོང་གི་ཁ་ཕྱོགས་ལ་སྟངས་འཛིན་འཕྱུགས་མེད་བྱས་ཏེ། མི་ལ་དམིགས་པ་དང་མི་ལ་ཤུགས་བརྒྱབ་ནས་སེམས་ནུས་དེ་བས་མང་བ་མང་ཚོགས་ལ་ཞབས་འདེཌ་ཞུ་བར་འཇོག་པ་དང་། ཐོན་ཁུངས་དེ་བས་མང་བ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་སྤྱོད་དགོས།
འབྲེལ་ཡོད་གསར་འགྱུར།