ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་7ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་འབྲེལ། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ལས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་གཅིག་སྡུད་མངོན་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་ཏན་ཏིག་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱེད་པ། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས། སློབ་སྦྱོང་བགྲོ་གླེང་རྒྱུན་མཐུད་ཟབ་སྤེལ། དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་པོས་གནད་དོན་བཤེར་འདོན། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་རྒྱུན་མཐུད་ཤུགས་རྒྱག་པ། སློབ་སྦྱོང་གཏིང་ཟབ་དང་། བཤེར་འདོན་དངོས་འབྲེལ། དག་ཐེར་ཏན་ཏིག་གི་ལས་དོན་ཁག་ཡག་པོ་སྒྲུབ་པ། སྒྲིག་འཛུགས་སྐུལ་འདེད་དང་། སློབ་སྦྱོང་བགྲོ་གླེང་། གནད་དོན་བཤེར་འདོན། སྒྲིག་སྲོལ་ལམ་ལུགས་འཛུགས་པ། སྦྱོང་སྤྱོད་ཟུང་འབྲེལ་བཅས་ནན་ཏན་དང་། ཏན་ཏིག ནུས་ལྡན་ཡོང་བར་བྱས་ཏེ། སློབ་སྦྱོང་སློབ་གསོའི་འཕེལ་རིམ་བདེ་བླག་ཡོང་བ་དང་གྲུབ་འབྲས་གང་ལེགས་ཐོབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། སློབ་སྦྱོང་སློབ་གསོ་ཟླ་7པའི་ཟླ་མཇུག་ཏུ་སྤྱིའི་ཆ་ནས་མཇུག་འགྲིལ་རྒྱུ་དང་། ཇི་ཙམ་མཇུག་ཏུ་སླེབས་ཚེ་དེ་ཙམ་གྱིས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་གྲུབ་འབྲས་ཏན་ཏིག་ཐོབ་པའི་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་དང་། སྙིང་བཅུད་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་དང་བླང་བྱ་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ། ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དེ་འགོ་གཞུག་འཁྱོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་མཐའ་འཁྱོངས་བྱས་ཏེ། དེའི་ནང་འདུས་པའི་བདེན་དོན་གྱི་སྟོབས་ཤུགས་དང་། ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། དངོས་བཤེར་དག་ཐེར་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་དང་ལས་བྱེད་པས་ལྷོད་གཡེང་གི་བསམ་བློ་དང་འགག་སྒོ་ལས་ཐར་ཐབས་བྱེད་པའི་བསམ་བློ་ཁྱད་བསད་བྱེད་པར་སྐུལ་འདེད་གཏོང་བ། བཤེར་འདོན་གནད་དོན་དག་ཐེར་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཐོ་སུབ་དོ་དམ་དང་སྤུས་ཚད་ཞིབ་བཤེར་རྩིས་ལེན་ནན་པོ་བཅས་བྱས་ནས། དག་ཐེར་གྲུབ་འབྲས་ལ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། གོང་འོག་མཉམ་འགུལ་དང་། འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་མཐའ་འཁྱོངས་བྱས་ནས། གནད་དོན་གཞན་དག་གཞི་གཅིག་ཏུ་ཐག་གཅོད་བྱེད་པར་གཅིག་ཤེས་ཀུན་གྲོལ་ངང་སྐུལ་འདེད་གཏོང་དགོས། རིམ་ཁག་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ལྟ་སྐུལ་མཛུབ་ཁྲིད་ནན་པོ་མཐའ་འཁྱོངས་ཀྱིས“ཕྱིར་མིག་ལྟ་བའི”ལས་དོན་ནན་ཏན་སྤེལ་ནས། དུས་ཐོག་ཏུ་ཚང་བཤེར་ཆད་གསབ་དང་རྗེས་སྙེག་ཕན་འབྲས་རྩད་དེ། དག་ཐེར་བཅོས་སྒྲིག་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། སྒྲིག་སྲོལ་ལམ་ལུགས་འཛུགས་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱ་ཐབས་དག་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་རྒྱུན་གཏན་དུ་འགྱུར་བར་བྱས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སློབ་སྦྱོང་སློབ་གསོའི་གཙོ་གནད་ལས་འགན་ཁག་ལ་དམ་པོར་དམིགས་ཏེ། གསེད་བཀྲོལ་རྩིས་བཤེར་ནན་ཏན་དང་། སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་དང་། ཏང་ཡོན་དང་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེར་སྐྱེད་ལ་སློབ་གསོ་ཁྲིད་སྟོན། དམངས་ལ་བདེ་སྐྱིད་སྐྲུན་པ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་ལ་བརྩི་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་འཕེལ་རིམ་གྱི་གྲུབ་འབྲས་དང་ཉམས་མྱོང་བྱ་ཐབས་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་མཁན་གྱི་དཔེ་བཟང་མིག་དཔེ་དང་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།