ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།
ཡན་ཅིན་ཧའེ་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
● འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་དང་མིག་དཔེའི་ནུས་པ་འདོན་རིང་འཐུས་མིའི་ཉམས་འགྱུར་མངོན་པར་བྱས་ཏེ། སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཚེས་28ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཉམས་མྱོང་ཕྱོགས་སྡོམ་དང་སྤེལ་རེས་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་ཏེ། འཐུས་མིའི་འགན་སྒྲུབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཐུས་མིའི་འགན་སྒྲུབ་གསོན་ཤུགས་འཕེལ་བ། འཐུས་མིའི་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་བློ་གྲོས་དང་འཐུས་མིའི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་མཆན་བཀོད་མཛུབ་སྟོན་ནང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་མི་དམངས་འཐུས་ཚོགས་ཀྱི་བྱེད་པོ་ཡིན་པས《རྩ་ཁྲིམས》དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་བཞིན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་པ་དང་། མི་དམངས་ཆེད་དུ་ལས་དོན་སྒྲུབ་པའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། “མི་དམངས་ཀྱིས་ང་རང་འཐུས་མིར་འདམས་པས། ངས་འཐུས་མིའི་ངོས་ནས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི”ལས་འགན་དང་འགན་འཁྲི་ཁོང་དུ་ཡང་དག་ཆུད་པ་དང་ལག་ལེན་ཏན་ཏིག་བསྟར་བ། ཁྲིམས་ལྟར་འགན་སྒྲུབ་དང་དམངས་འཚོར་དོ་ཁུར། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དོན་འཁྱོལ་བྱེད་སྐབས་ཐེག་པ་འཁུར་ལེན་མངོན་པ། དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་བར་ཤུགས་སྣོན་རྒྱག་སྐབས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ཡག་པོ་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱེད་སྐབས་སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་འདོན་པ། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དང་མིག་དཔེའི་ནུས་པ་འདོན་སྐབས་འཐུས་མིའི་ཉམས་འགྱུར་མངོན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ“ལས་ཁུངས་བཞི”འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “འབྲེལ་གཏུག་གཉིས”ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུ་འགན་སྲུང་ཡག་པོ་བྱེད་པ། འཐུས་མིའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་པ། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ཏང་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་འགན་སྲུང་ནུས་ལྡན་བྱེད་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། “ཆབ་སྲིད་བློ་སྦྱོང”གི་བྱ་སྤྱོད་ལག་ལེན་བསྟར་ཏེ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་འགན་སྒྲུབ་ཀྱི་ཁ་ཕྱོགས་སྔར་བས་སྟངས་འཛིན་ནན་པོ་བྱེད་དགོས། “འཇོན་ཐང་ལ་ཞུན་བརྡར”གྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་རིམ་དབྱེ་རིགས་དབྱེའི་གསོ་སྦྱོང་མ་ལག་ལེགས་སུ་གཏོང་བ་དང་རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྡེབ་གཅིག་ཚན་ཁག་སྒྲིག་པའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཉམས་སད་ཐེག་པའི་དཔུང་ཁག་སྔར་བས་གཏོད་དགོས། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས་དང་འབྲེལ་གཏུགས་ས་ཚིགས་ཀྱི་སྤུས་ཚད་མཐོར་གཏོང”གི་བྱ་སྤྱོད་ལག་ལེན་བསྟར་ཏེ་འཐུས་མིའི་ཁྱིམ་གཞིས་དང་ས་ཚུགས་ཀྱི་ཚད་རིམ་གཉིས་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཁྱིམ་གཞིས་དང་ས་ཚུགས་ཀྱི་ལས་ཀའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་འགན་སྒྲུབ་ཀྱི་གཡུལ་ས་སྔར་བས་འཛུགས་སྐྱོང་བྱེད་དགོས། “གྲོས་འགོ་ལེགས་གཉེར”གྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་འཐུས་མིའི་གྲོས་འགོར་དུས་འགོའི་སྔོན་ཚུད་ཞིབ་བཤེར་དང་། རིམ་པ་དབྱེ་ནས་སྒྲུབ་སྤྲོད། མིང་སྦྱར་ལྟ་སྐུལ། ཕྱིར་མིག་བལྟས་ནས་གདེང་འཇོག་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་སྒྲུབ་གཉེར་མ་ལག་བཙུགས་ནས་དམངས་འདོད་དོན་ཐོག་ཏུ་འཁྱོལ་བར་སྔར་བས་སྐུལ་འདེད་གཏོང་དགོས། “དཔྱད་བསྡུར་ཚད་འབེབས”ཀྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་འཐུས་མིའི་འགན་སྒྲུབ་དཔྱད་བསྡུར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྐུལ་ལྕག་དང་ཕྱིར་འཐེན་གྱི་ཕྱོགས་གཉིས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགན་སྒྲུབ་འགན་འཁྲི་སྔར་བས་ནན་དུ་གཏོང་དགོས། “འགན་སྲུང་སེམས་དྲོད”ཀྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་འཐུས་མིའི་འགན་སྒྲུབ་ཞབས་ཞུའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་ཐག་རིང་ལུང་ཁུག་ས་ཁུལ་ལ་གཙོ་གནད་ཐོག་ཕྱོགས་ཏེ་འབྱུང་འགྱུར་གྱི་སེམས་ཁྲལ་སྔར་བས་སེལ་དགོས། “འཐུས་མིས་བྱས་རྗེས་འཇོག་པའི”བྱ་སྤྱོད་ལག་ལེན་བསྟར་ཏེ་འཐུས་མི“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”གཡུལ་ས་གཙོ་བོར་རང་འགུལ་ངང་མཉམ་འདྲེས་དང་། རང་རྟོགས་ངང་ཞབས་ཞུ། ཧུར་ཐག་ཞུགས་པ་བཅས་ལ་རྒྱབ་སྐྱོར་བྱས་ནས་ལྟེ་བའི་སྤྱི་ཡོངས་ལ་སྔར་བས་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།