དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་རིཌ་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)དང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-30

    ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)དང་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཆེད་དོན་སློབ་སྦྱོང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    ཀརྨ་ཚེ་བརྟན་གྱིས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཏང་འཛུགས་སྐྱོང་གི་ལེའུ་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་འཕེལ་རྒྱས་གཏོང་ཆེད་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཟབ་སྦྱོང་མཐིལ་རྟོགས་དང་ཡིད་ཆེས་བརྟན་པོ་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དེ་རང་འགན་གཙང་སྒྲུབ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚད་འཛིན་ས་དང་ཕྱོགས་སྟོན་འཁོར་ལོར་བརྩིས་ནས་ཏང་འཛུགས་སྐྱོང་གིས་སྲིད་གཞུང་གི་ལས་དོན་ལ་སྣེ་ཁྲིད་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་སྔར་བས་གཏོང་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། སྲིད་དོན་ལས་རྗེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ལས་འགན་གཏན་འཁེལ་དང“དོན་ཆེན་བཞིར”མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་ལག་བསྟར་བ་དང་། བྱ་སྤྱོད་ཚོགས་པ། དངོས་སྒྲུབ་པ་བཅས་ཡག་པོ་བྱེད་དགོས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱོད་གཙང་སྲིད་གཞུང་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུ་འདེགས་སྐྱོར་དུ་བྱས་ཏེ་རང་འགན་གཙང་སྒྲུབ་དང་ལས་དོན་སྒྲུབ་མཁས་པའི་དངོས་སྒྲུབ་སྲིད་གཞུང་དང་བྱས་རྗེས་ཐོན་པའི་སྲིད་གཞུང་ཞིག་ཧུར་ཐག་གཏོད་དགོས། སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ་དང་། རྒྱུན་རྣམ་དང་ཕུགས་ཕན་ལ་བརྟེན་ནས་སློབ་སྦྱོང་ལ་དམ་འཛིན་བྱེད་པ། ཚད་གཞི་དང་ཡང་ཡང་བསྡུར་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམ་ནན་ཏན་ཏིག་གི་སྒོ་ནས་སྤྱོད་ཚུལ་འགྱུར་བ། ལག་ལེན་བསྟར་ཏེ་ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མུ་མཐུད་ཤུགས་སྣོན་རྒྱག་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་དུས་ད་ལྟ་བ་ལས་འདས་པ་ཟེར་བ་མེད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་ཏང་གཤིས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས། གནད་དོན་གྱི་འདུ་ཤེས་ཐོག་ནས་སྲིད་དོན་ལས་རྗེས་ལྟ་བའི་གནས་ཚད་གནད་ལ་འཁེལ་བར་བྱེད་པ་དང་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་ལམ་ཡན་དུ་མ་ཤོར་བར་རང་འགན་གཙང་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་ལེན་བསྟར་ཏེ་འཕྲལ་མར་སྒྲུབ་པ་དང་དམ་པ་དོན་གཉེར་ཁྲོད་རྒྱུགས་ལན་ཡག་པོ་ཕུལ་བ་དང་། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།