རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།
ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ནས་ཆེད་དོན་བགྲོ་གླེང་དང་སྤེལ་རེས་བྱས་པ། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་བྱས་པ་མ་ཟད། སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་ཀྱང་གནང་བ་རེད།
བསོད་ནམས་ཉི་མ་དང་། པད་མ་དབང་འདུས། སྒྲོལ་དཀར། ཡུས་ཡུན་ཀུའེ། ཝང་ཀང་། ཟླ་བ་དངོས་གྲུབ་བཅས་ཕེབས་ཡོད་པ་རེད།
ལིའུ་ཅང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་ང་ཚོས་ཚན་རྩལ་གསར་གཏོད་དང་། རྨང་གཞིའི་སློབ་གསོ། གེགས་འགོག་གེགས་སེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་ནན་བཤད་གནང་བ་རེད།
ལིའུ་ཅང་གིས་བླང་བྱ་བཏོན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དེ་རྒྱུན་གཏན་དང་མཉམ་འདྲེས་ཐུབ་པ་དང་རྟག་ཏུ་དམ་འཛིན་བྱས་ནས། གདེང་ཚོད་ཆེར་གཏོང་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་དྲོ་བ། བློ་སེམས་གཅིག་མཐུན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དྲིལ་བསྒྲགས་དང་འགྲེལ་བཤད་ཧུར་ཐག་བརྒྱབ་སྟེ་མཐོང་། ཚོར་དང་། ཕན་ནུས་ཡོད་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོའི་ནུས་པ་བཏོན་ཏེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་དམིགས་ནས་ཆེད་དོན་བརྟག་ཞིབ་དང་གྲོས་མོལ་སྲིད་གླེང་བྱེད་དགོས། འགན་སྒྲུབ་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་པ་གཅིག་མཐུན་དང་། མཐུན་སྒྲིལ་ཐབས་མཁས། འགན་སྒྲུབ་ནུས་ལྡན། ཕྲག་པར་འགན་འཁྲི་ཡོད་པ་བཅས་བྱེད་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ནང་དོན་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མི་དམངས་ཀྱི་རང་བཞིན། དུས་རབས་ཀྱི་རང་བཞིན། ལག་ལེན་གྱི་རང་བཞིན། འཐབ་རྩོད་ཀྱི་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་ཐད་ཤུགས་རྒྱག་པ་དང་། དྲིལ་བསྒྲགས་དང་འཆད་འགྲེལ་ཐད་དོན་ལ་འཁྱོལ་བ། སྦྱངས་པ་གོ་ཆོད་ཐད་ཕན་འབྲས་དངོས་ཐོན་པ། ཆབ་སྲིད་ཐད་བློ་དཀར་སེམས་དཀར་བཅས་བྱས་ནས། སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལ་ཤུགས་སྣོན་དང་། དཔུང་ཁག་གི་སྣེ་འཁྲིད་པ། འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ། མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།