དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས)དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས)དུ་བརྟག་ཞིབ་གནང་ནས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དང་། ཤེས་ལྡན་པ་འཛུགས་སྐྱོང་། འཐབ་ས་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད།

    ཞུས་ཀྲི་ཝུན་སྔ་རྗེས་སུ《བོད་ལྗོངས་ཞིབ་འཇུག》རྩོམ་སྒྲིག་པུའུ་དང་། ཁྱད་ལྡན་འགྲེམས་སྟོན་ཚོམས་ཆེན། རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་ལྟེ་གནས་སོགས་སུ་ཕེབས་ནས་ལས་དོན་གྱི་སྙན་སེང་ནན་ཏན་ངང་གསན་པ་མ་ཟད། སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་ཞིང་། ཁོང་གིས་དུས་དེབ་གཉེར་བའི་སྤུས་འབྲས་ལེགས་སུ་ཧུར་ཐག་བཏང་ནས་ཤོག་པར་དཔེ་སྐྲུན་དང་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རིག་གཞུང་གི་ཤུགས་རྐྱེན་ཐེབས་ཤུགས་དང་བརྒྱུད་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་བརྟན་དུ་གཏོང་བ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་དང་ཏང་གིས་སྤྱི་ཚོགས་ཚན་རིག་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གནད་སྨིན་འཆད་འགྲེལ་དང་གསལ་འགྲེལ་བཅས་བྱས་ནས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་སྟངས་འཛིན་ནན་པོ་བྱེད་དགོས། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་དམིགས་པ། “དོན་ཆེན་བཞི”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་ལ་དམིགས་པ། ཞིབ་འཇུག་བྱ་གཞིའི་བཀོད་པ་ལེགས་སུ་གཏོང་བ། སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱང་ལྟའི་རང་བཞིན་དང་། ཁ་གཏད་འཇལ་བའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལ་ཞིབ་འཇུག་ཏན་ཏིག་བྱེད་དགོས། གཡུལ་སའི་མཐའ་ཚད་བརྟན་པོ་སྲུང་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་རྒྱུན་རྣམ་ཅན་གྱི་སྒོ་ནས་འགོག་སེལ་བཅས་བྱས་ཏེ་རིག་གཞུང་གི་ཟུར་ཚད་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་ལེགས་སུ་གཏོང་བ། ལྕག་སྐུལ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གཞོན་ནུ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་དང་སྟོབས་ཆེར་གཏོང་དགོས། ལས་སྟེགས་རིམ་སྤོར་ལ་དམིགས་ནས་རང་འགུལ་ངང་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཚན་ཞིབ་ཀྱི་སྤུས་ཚད་དང་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ། ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།