དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-23

     ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་རྡར་གཅོད་དང་ལོ་སྨད་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། “དོན་ཆེན་བཞིར”མུ་མཐུད་དམ་འཛིན་ཡག་པོ། དཔལ་འབྱོར་གནོན་བཟོད་མདུན་སྐྱོད་དང་བརྟན་ཐོག་ལེགས་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་གསལ་པོ། དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་པ། ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ། ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། གནད་དོན་གྱི་གནད་འགག་འཚོལ་བ། ཁ་གཏད་གཅོག་པའི་བྱ་ཐབས་ལ་དམ་འཛིན་ཏན་ཏིག རང་ངོས་ལས་དོན་གྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་དུས་བབ་འགྱུར་ལྡོག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་འབོར་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། རང་འགུལ་ངང“ལྕི་འགན་འཁུར་བ”དང་། དཔལ་འབྱོར་སྣེ་འདྲེན་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་ཆད་སྐྱོན་སེལ་བ་དང་། ཞན་ཆ་སེལ་བ། ལེགས་ཆ་གཏོད་པ་བཅས་བྱས་ཏེ། སྔོན་ཐོན་བརྩོན་ལེན་དང་གནས་རིམ་མཐོར་གཏོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། “ལྟེ་བའི་རྨང་གཞི”བརྟན་དུ་བཏང་སྟེ་དུས་ཚིགས་གསུམ་པའི་དུས་སྐབས་ཡག་ཤོས་ལ་དམ་འཛིན་དང་། ལས་འགོ་ཚུགས་མེད་པའི་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགོ་སྔ་ཙམ་འཛུགས་པ་དང་འཛུཌ་སྐྲུན་མགྱོགས་ཙམ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ངོ་ཡོད་ལས་འབོར་དེ་བས་མང་བ་གྲུབ་པར་བྱེད་དགོས། གནད་འགག་ལ་དམ་འཛིན་བྱས་ཏེ“ཞིང་གསུམ”ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། སྲིད་ཇུས་ལག་བསྟར་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་འབབ་འཕར་དང་། སྤྱི་ཚོགས་འགན་སྲུང་། སློབ་གསོའི་སྤུས་ཚད་མཐོར་གཏོང་། སྨན་བཅོས་བདེ་ཐང་སོགས་ཀྱི་དམངས་འཚོའི་བྱ་བ་དངོས་སེམས་ནུས་ཡོད་རྒུས་ཡག་པོ་སྒྲུབ་དགོས། “ཚོ་འདུས་ཅན”ལ་མཐོང་ཆེན་བྱས་ཏེ་འཛམ་གླིང་གིས་བརྩོན་ལེན་དང་། རྒྱལ་ཁབ་ལ་མཁོ་བ། བོད་ཀྱིས་སྒྲུབ་ནུས་པ་བཅས་ལ་དམིགས་ནས། དགོས་མཁོ་གནད་སྨིན་ལེབ་བཤེར་དང་། དམིགས་འབེན་ཡོད་པའི་སྒོ་ནས་རྣམ་གྲངས་ནང་འདྲེན། དུས་འཁོར་ཧྲིལ་པོའི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱེད་པ་དང་འབྲེལ། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་ཞིང་ཆེན་དབར་གྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། གླིང་ཁུལ་གྱི་ཐོན་ལས་འཁོར་འབྲེལ་ཆད་གསབ་ལ་སྐུལ་འདེད་བཏང་སྟེ། ལེགས་ཆ་གསབ་རེས་དང་མཉམ་འགུལ་འཕེལ་རྒྱས་ཡོང་བར་བྱེད་དགོས། “དུས་ཐོག་རང་བཞིན”ལ་དམིགས་ཏེ་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་། ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་ཁག་གི་དམིཌ་སའི་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་མཐུད་ཆེ་རུ་གཏོང་བ། འགལ་རྐྱེན་སྣ་ཚོགས་ཆུང་དུ་གཏོང་གང་ཐུབ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ། མཐའ་ཚད་འཛིན་སེམས་དང་མཐའ་ཟད་བསམ་གཞིག་བརྟན་པོ་འཛུགས་པ། བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། གནོད་འཚེའི་ཉེན་ཟོན་སྔོན་བརྡ་གནད་སྨིན་གཏོང་བ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་དོན་འཁྱོལ་བྱེད་པ། འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། དངོས་ཟོག་གྲབས་གསོག་ལེགས་སུ་གཏོང་བ། སྔོན་ཚུད་ནས་གྲ་སྒྲིག་དང་ཇུས་འགོད་ཡག་པོ་བྱེད་པ་དང་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་སྔར་བས་ཆེ་རུ་བཏང་སྟེ“རྒྱུ་ནོར་གསོག་ཐབས་མཁས་པ”དང་། “རྒྱུ་ནོར་དོ་དམ་ནུས་ལྡན” “རྒྱུ་ནོར་སྤྱོད་མཁས་པ”བཅས་ལ་དེ་བས་མཐོང་ཆེན་བྱས་ནས། དངུལ་སྐར་མ་ཙམ་ཡང་འགག་རྩའི་གནས་སུ་སྤྱོད་ཐུབ་པ་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་ཚད་མཐོར་གཏོང་དང་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།